ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་དངོས་གཞི་མ་ཡིན་པའི་ཐུག་འཕྲད་མཇུག་སྒྲིལ་བ་དང་བལ་བོ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་ཕྱིར་པེ་ཅིང་དུ་ལོག

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125099937_15709911360311n.jpg

ཟླ10བའི་ཚེས13ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་མཉམ་དུ་དངོས་གཞི་མ་ཡིན་པའི་ཐུག་འཕྲད་བྱ་བ་མཇུག་སྒྲིལ་བ་དང་བལ་བོ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་ཕྱིར་པེ་ཅིང་དུ་ལོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས13ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་མཉམ་དུ་དངོས་གཞི་མ་ཡིན་པའི་ཐུག་འཕྲད་བྱ་བ་མཇུག་སྒྲིལ་བ་དང་བལ་བོ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་ཕྱིར་པེ་ཅིང་དུ་ལོག་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན་ཏིན་ཞའོ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲི། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧི་ལིས་ཧྥིན་བཅས་ཀྱི་འགྲོ་རོགས་མི་སྣ་རྣམས་ཀྱང་དུས་མཉམ་དུ་ཕྱིར་ཐོན། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།