ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ནུས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ནུས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ནུས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་དངོས་འབེབས་ཐད་ཞིབ་འཇུག་བྱས་པ་དང་། གྲོས་མོལ་བརྒྱུད་དེ་ནུས་ཁུངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་ལ་གྲོས་འཆམ་བྱུང་བ་ལས་གཞན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་དྲོད་བསྐྱིལ་བྱ་བར་བཀོད་སྒྲིག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་ནུས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་གསུང་རྒྱུར། རང་རྒྱལ་ནི་སྔར་མུས་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན་པས། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ནུས་ཁུངས་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་ནི་དུས་ཡུན་རིང་བོའི་འཐབ་ཇུས་འོས་འགན་ཞིག་ཡིན། ནུས་ཁུངས་ཁྱབ་ཁོངས་ཀྱི་གནས་སྟངས་གསར་བ་དང་འགྲན་རྩོད་གསར་བར་ཁ་གཏད་གཞལ་བར་ཅིས་ཀྱང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས། ནུས་ཁུངས་འཛད་སྤྱོད་དང་མཁོ་འདོན། ལག་རྩལ། ལམ་ལུགས་བཅོས་སྒྱུར། རྒྱལ་སྤྱིའི་མཉམ་ལས་བཅས་ལ་སྐུལ་འདེད་བཏང་མཐར། ནུས་ཁུངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་ཐུབ་པར་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཡུང་དང་ཞའོ་ཅེ་གཉིས་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།