ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10བའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཐུག་འཕྲད་གནང་བ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཐུག་འཕྲད་གནང་བ་རེད།

ཉིན་དེར། ཞི་ཅིན་ཕིང་མགྲོན་ཁང་ནས་རླངས་འཁོར་ལ་བཞུགས་ཏེ། མཱ་ཧ་པཱ་ལི་ཕུའུ་ལཱ་གནའ་བོའི་དགོན་པ་ཡོད་སར་ཕེབས། ལམ་བར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་འདྲ་པར་ཆེན་པོ་གང་སར་མཐོང་རྒྱུ་ཡོད་པ་དང་། ལས་རིགས་སོ་སོའི་མང་ཚོགས་དང་གཞོན་ནུ་སློབ་མ་ཁྲི་སྟོང་མང་པོས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཟུང་ནས་དགའ་བསུ་ཞུ་པ་དང་། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་གཞོན་ནུ་ཕོ་མོ་ཚོས་གླུ་ལེན་གར་རྩེད་བྱས་ཏེ་དགའ་བསུ་ཞུ།

མོ་ཏིས་འཛུལ་སྒོའི་འགྲམ་དུ་སྒུག་སྟེ་ཞི་ཅིན་ཕིང་ཅིན་ནེ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་བསུ་མ་ཞུས་པ་རེད། ཞི་ཅིན་ཕིང་གིས་ན་ནིང་སྐུ་ཞབས་ཙུང་ལི་དང་མཉམ་དུ་ཝུའུ་ཧན་དུ་ཐུགས་འཕྲད་གནང་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་སྣེ་ཁྲིད་གནང་ཡོད། ངས་ཁྱོད་ཀྱིས་རྒྱ་གར་གྱི་ལྷོ་སྣེའི་ཐའེ་ཨར་ན་ཏི་ལ་གདན་འདྲེན་ཞུས་པར་ཧ་ཅང་དགའ་པོ་བྱུང་ཡོད་པ་དང་རྒྱ་གར་ལ་རྒྱུས་ལོན་སྔར་ལས་ལྷག་པ་བྱེད་ཐུབ་ཞེས་བསྟན།

མ་ཧ་པ་ལི་ཕུའུ་ལ་མུའུ་དགོན་པ་ནི་སྤྱི་ལོའི་དུས་རབས7པ་ནས8པའི་བར་བཞེངས་པ་དང་། ཨ་ཀྲོའུ་ནའི་རྡོ་བརྐོས་དང་། དམག་འཐབ་འཁོར་ལྔའི་ལྷ་ཁང་། མཚོ་འགྲམ་ལྷ་ཁང་སོགས་གནའ་ཤུལ་ལས་གྲུབ་པ་ཞིག་རེད། མོ་ཏིས་ཞི་ཅིན་ཕིང་དང་མཉམ་དུ་གཟིགས་སྐོར་གནང་བ་དང་སྐུ་དངོས་སུ་འགྲེལ་བཤད་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་གཟིགས་སྐོར་བྱེད་ཞོར་དུ་སྤེལ་རེས་གཏིང་ཟབ་བྱས།

2.jpg

 ཟླ10བའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནེ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཐུག་འཕྲད་གནང་བ་རེད། འདི་ནི་ཞི་ཅིན་ཕིང་མོ་ཏི་ཡི་ཕེབས་རོགས་འོག་མཱ་ཧ་པ་ལི་ཕུའུ་ལྷ་མོའི་དགོན་སྡེ་རུ་གཟིགས་སྐོར་གནང་བཞིན་པ། 

ཞི་ཅིན་ཕིང་གིས་བསྟན་དོན། ཐའེ་སྨིར་ན་ཏེ་མངའ་སྡེ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མཚོ་ཐོག་ཚོང་དོན་དང་འབྲེལ་བ་དམ་ཟབ་ཡོད་པས་གནའ་བོའི་དར་གོས་ལམ་བུའི་མཚོ་ཐོག་དངོས་ཟོག་གི་བརྒྱུད་སྐྱེལ་ས་ཚིགས་ཤིག་རེད། ཀྲུང་གོ་དང་རྒྱ་གར་གཉིས་ནི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་དཔལ་ཡོན་དར་བའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་པོའི་སྔོན་བྱོན་པ་ཚོས་འགལ་རྐྱེན་བསལ་ནས་སྤེལ་རེས་རྒྱ་ཁྱབ་བྱས་ཏེ་རྩོམ་རིག་དང་། སྒྱུ་རྩལ། མཚན་ཉིད་རིག་པ། ཆོས་ལུགས་བཅས་འཕེལ་རྒྱས་དང་ཁྱབ་སྤེལ་ལ་སྐུལ་འདེད་བཏང་བས་ཕྱོགས་གཉིས་ཀར་ཕན་པ་ཐོབ་ཡོད། ཀྲུང་གོ་དང་རྒྱ་གར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཐད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་ཕྱི་ལོར་ཀྲུང་གོ་དང་རྒྱ་གར་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་70འཁོར་བ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་བྱས་ཏེ་ཤེས་དཔལ་མི་འདྲ་བའི་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱ་རྒྱུར་ཐུན་མོང་ཐོག་དར་སྤེལ་དང་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་དེ་བས་རྒྱུན་སྲིང་གི་སྐུལ་འདེད་ནུས་པ་བསྣན་ནས་ཨེ་ཤེ་ཡའི་ཤེས་དཔལ་གྱི་འོད་སྟོང་གསར་པ་མུ་མཐུད་ནས་གཏོད་དགོས་ཞེས་གསུངས་པ་རེད།

མོ་ཏིས་གསུངས་རྒྱུར་ང་ཚོ་གནས་སའི་དགོན་སྡེ་རྙིང་པའི་ཚོགས་སྡེ་དེ་ནི་རྒྱ་གར་གྱི་རིག་གནས་ཤུལ་བཞག་དང་བཟོ་སྐྲུན་གྱི་ཕུལ་བྱུང་མཚོན་བྱེད་ཅིག་ཡིན་པ་དང་། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དུས་རབས་ལས་བརྒལ་བའི་ཤེས་དཔལ་སྤེལ་རེས་དང་ཡུན་རིང་གི་ལོ་རྒྱུས་འབྲེལ་བ་བདེན་དཔང་བྱས་ཡོད། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་འཕེལ་རྒྱས་བརྒྱུད་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ད་ལྟ་གསར་དར་གྱི་དཔལ་འབྱོར་སྒྲིག་སྲོལ་གལ་ཆེན་དུ་གྱུར་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ་གོ་ལ་ཧྲིལ་པོའི་ཡར་ཐོན་དང་དར་རྒྱས་ལ་སྐུལ་འདེད་ཀྱང་ཐེབས་རྒྱུ་རེད། རྒྱ་གར་དང་ཀྲུང་གོའི་གནའ་བོའི་ཤེས་དཔལ་གཏིང་ཟབ་པ་དང་དེའི་ནང་འདུས་པའི་བློ་གྲོས་ཀྱིས་དེང་སྐབས་འཛམ་གླིང་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ཐག་གཅོད་བྱ་རྒྱུར་བློ་སྒོ་འབྱེད་ཐུབ་ཞེས་བསྟན།

ཞི་ཅིན་ཕིང་མོ་ཏི་ཡི་ཕེབས་རོགས་འོག་རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་ཚབ་བྱེད་གནའ་བོའི་བྲམ་ཟེ་ཞབས་བྲོ་སོགས་རྒྱ་གར་གྱི་གནའ་བོའི་ཞབས་བྲོར་གཟིགས་པ་རེད།

ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གི་བྱེད་སྒོའི་ནང་ཞུགས་པ་རེད།  །

  

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།