ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་དོན་ཁང་གིས་ད་ལོའི་ལོ་མཇུག་ཏུ་མི་འབོར་དབུལ་པོ95%ཙམ་དབུལ་སྒྲོལ་ཐུབ་པར་སྔོན་དཔག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས11ཉིན་གློག་འཕྲིན་འབྱོར་གསལ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལིའུ་ཡུང་ཧྥུའུ་ཡིས་ཚེས11ཉིན་བསྟན་དོན། ད་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་95%གཡས་གཡོན་གྱི་དབུལ་ཕོངས་མི་འབོར་དང་། 90%ཡི་དབུལ་ཕོངས་ཁྱིམ་ཚང་གིས་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པར་སྔོན་དཔག་བྱས། 

ལིའུ་ཡུང་ཕུའུ་ཡིས་ཚེས11ཉིན་འཚོགས་པའི་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་དང་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་གོང་གི་གསལ་གནས་ཚུལ་ལ་རྒྱས་བཤད་གནང་བ་རེད། 

 ལིའུ་ཡུང་ཕུའུ་ཡིས་ད་དུང2020ལོའི་ལོ་གཅིག་གི་འབད་བརྩོན་བྱས་པ་བརྒྱུད་ན། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་བལྟོས་བཅོས་དབུལ་ཕོངས་ཀྱི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་མངོན་ཡོད་ཅེས་བཤད། 

ལིའུ་ཡུང་ཕུའུ་ཡིས་ད་དུང་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས་ནས་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད། ཁོང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས2016ལོ་ནས་བཟུང་བགྲོ་གླེང་ཚོགས་འདུ་བསྟུད་མར་ཐེངས་བཞི་འཚོགས་ནས། ཞིས་ཅིན་ཕིང་གི་དབུལ་སྐྱོར་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་གྲུབ་འབྲས་སྤེལ་རེས་དང་སློབ་སྦྱོང་དང་ཞིབ་འཇུག་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ད་དུང་འགོ་ཁྲིད་ལས་བྱེད་པའི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་དང་སྤྱི་ཚོགས་ཀྱི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་རབ་དང་རིམ་པ་བྱས་ནས་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་གྲུབ་ཡོད་ཅེས་བཤད།

ལིའུ་ཡུང་ཕུའུ་ཡིས་དབུལ་སྐྱོར་སྐོར་གྱི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནང་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་རྒྱས་བཤད་བྱས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་པ། དབུལ་ཐར་འགག་སྒྲོལ་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་ཁྲིད་སྟོན་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱེད་པ། གོ་ལ་ཧྲིལ་པོའི་དབུལ་པོ་བཅོས་སྒྲིག་ལ་ཀྲུང་གོའི་བློ་གྲོས་ཀྱི་ལེགས་སྐྱེས་ཕུལ་ཡོད། ང་ཚོས་གོ་བ་གཏིང་ཟབ་ལེན་པ་དང་། ནང་སེམས་ལྷིང་འཇགས་དང་ཕྱིའི་བྱ་སྤྱོད་དོན་འཁྱོལ་ཡོང་བ་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།