ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་དཔལ་འབྱོར་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ10བའི་ཚེས11ཉིན། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་དཔལ་འབྱོར་དངོས་མང་སྟོན་ཚོགས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་འགོ་ཚུགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ཐོག་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་། གྲངས་འཛིན་དཔལ་འབྱོར་གོང་དུ་འཕེལ་བ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཟབ་མོ་གཏོང་བཞིན་པ་དང་། རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག   མིའི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག  སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་མཛུབ་ཁྲིད་འོག  ཀྲུང་གོས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཚོགས་ཞུགས་འཐུས་མིས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་དང་མཉམ་སྤྱོད་བྱས་ཏེ་འཛམ་གླིང་སོ་སོའི་རྒྱལ་ཁབ་དག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་བསྟན།

ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་དཔལ་འབྱོར་དངོས་མང་སྟོན་ཚོགས་ནི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད། ཐེངས་འདིའི་གྲངས་འཛིན་དངོས་མང་སྟོན་ཚོགས་ནི“གྲངས་འཛིན་དཔལ་འབྱོར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད།”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཕྱོགས་བསྡུས་འགྲེམས་སྟོན་དང་། རིག་ནུས་ཞུང་ཨན་གྱི་མཐོ་རིམ་གླེང་སྟེགས། ཁེ་ལས་ཀྱི་རྣམ་གྲངས་སྦྲེལ་མཐུད་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།