ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་བཤམས་སྟོན་ཚོགས་འདུའི་མཇུག་སྒྲིལ་མཛད་སྒོ་པེ་ཅིན་ཡན་ཆིན་ནས་བསྡུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་དགུ་ཉིན་གྱི་དགོང་མོར། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་བཤམས་སྟོན་ཚོགས་འདུའི་མཇུག་སྒྲིལ་མཛད་སྒོ་པེ་ཅིན་ཡན་ཆིན་ནས་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མཇུག་སྒྲིལ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་དང་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་བ་ལོས། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧོང་། ཅིར་ཅི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་པོ་ལོ་ནོ་ཧྥུའུ། ཨ་སེད་པེ་ཅང་གི་ཙུང་ལི་གཞོན་པ་ཨ་པུའུ་ཐ་ལིས་པོ་ཧྥུའུ་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་མཇུག་སྒྲིལ་མཛད་སྒོར་ཞུགས།

ལིས་ཁི་ཆང་གིས་ཤིས་ཚིག་འབུལ་སྐབས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་སྐབས་འདིའི་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་བཤམས་སྟོན་ཚོགས་འདུ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་པ་དང་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་ལ་བཀའ་དྲིན་ཆེ་ཞུས། ཁོང་གིས་བསྟན་དོན། སྐབས་འདིའི་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་བཤམས་སྟོན་ཚོགས་འདུས་ལྗང་མདོག་འཚོ་བ་དང་མཛེས་པའི་ཁྱིམ་གཞི་བརྗོད་དོན་གཙོ་བོ་བྱས་པ་ཡིན་ལ། ཚོགས་འདུ་འགོ་བརྩམས་པའི་མཛད་སྒོའི་སྟེང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛེས་པའི་འཛམ་གླིང་ཁྱིམ་གཞི་མཉམ་དུ་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པའི་གྲོས་འགོ་བཏོན། ཐེངས་འདིའི་ཚོགས་འདུ་ནི་ཕན་ཚུན་བར་དཔལ་ཡོན་དཔྱད་གཞིར་འཛིན་པའི་ལྗང་མདོག་ཚོགས་ཆེན་ཞིག་ཡིན་པ་དང་། དེས་རྒྱལ་ཁབ་སོ་སོའི་དཔལ་ཡོན་བརྗེ་རེས་དང་དམངས་སེམས་གཅིག་སྒྲིལ། ལྗང་མདོག་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་བཏོན། ཀྲུང་གོ་སྔར་བཞིན་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་མུ་མཐུད་དུ་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ནི་གནད་དོན་ཡོད་ཚད་ཐག་གཅོད་པའི་རྨང་གཞི་དང་གནད་འགག་ཞིག་ཏུ་བརྩིས་ཏེ། གཅིག་གྱུར་སྒོས་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁྲོད་དུ་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྒོ་ནས་སྲུང་སྐྱོབ་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་བཤམས་སྟོན་ཚོགས་འདུ་མཇུག་སྒྲིལ་པ་ཁྱབ་སྒྲོག་མཛད། ཧུའུ་ཁྲུན་ཧྭ་ཡིས་མཇུག་སྒྲིལ་མཛད་སྒོར་འགོ་འཛིན་བྱས།

མཇུག་མཐར་ལིས་ཁི་ཆང་དང་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་བལྟས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།