ལི་ཀྲན་ཧྲུའུ་ཀྲུང་གོ་དང་ཨུ་རུ་སིའི་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་བཅུ་ལོན་པ་དང་ཀྲུང་གོ་དང་ཨུ་རུ་སིའི་མཛའ་འབྲེལ་ཚོགས་པ་བཙུགས་ནས་ལོ་ངོ་བདུན་ཅུ་ལོར་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

20191011094108qib0.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་ཡོངས་ཕྱི་ཕྱོགས་མཛའ་འབྲེལ་དང་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དང་ཨུ་རུ་སིའི་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རུ་སིའི་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་བཅུ་ལོན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་མཛའ་འབྲེལ་ཚོགས་པ་བཙུགས་ནས་ལོ་ངོ་བདུན་ཅུ་ལོར་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ། 

རྒྱལ་ཡོངས་ཕྱི་ཕྱོགས་མཛའ་འབྲེལ་དང་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དང་ཨུ་རུ་སིའི་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རུ་སིའི་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་བཅུ་ལོན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་མཛའ་འབྲེལ་ཚོགས་པ་བཙུགས་ནས་ལོ་ངོ་བདུན་ཅུ་ལོར་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་། ཨུ་རུ་སིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཅེ་ཉི་སའོ་ཧྥུའུ་གཉིས་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། འདས་ཟིན་པར་ཕྱིར་འདང་ཞིག་བརྒྱབ་ན་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་རྒྱུན་ལྡན་མིན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་བརྒྱུད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ལ་མཛའ་མཐུན་གྱི་ལེའུ་གསར་བ་བྲིས། ད་ལོའི་ཟླ་དྲུག་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་མཉམ་དུ་ཁྱབ་སྒྲོག་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་ཆེན་པོའི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཕན་ཚུན་ལ་ཡིད་རྟོན་མཉམ་ལས་བྱེད་པའི་དཔེ་སྟོན་དུ་འགྱུར་བར་སྣེ་ཁྲིད་དང་། འཛམ་གླིང་གི་ཞི་བདེ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་གལ་ཆེན་དུ་གྱུར། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མི་སྣས་མཉམ་དུ་འབད་བརྩོན་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཅེ་ཉི་སའོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་ལོན་པ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ། ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཞ་པའོ་ལུང་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།