ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཧོང་ཝུན་ཞིག་ལ་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུ་ཐག་བཅད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་པེ་སི་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཀྱི་ལས་བྱེད་པ། སྡེ་སྡོད་ཧྲུའུ་ཅི་དང་པོ་བློ་མཐུན་ཧོང་ཝུན་ཞིག་གི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། བློ་མཐུན་ཧོང་ཝུན་ཞིག་གིས་ཞིབ་འཇུག་སློབ་མཐར་ཕྱིན་རྗེས་གྲོང་ཁྱེར་ཆེན་པོ་ནས་བྱ་བ་སྒྲུབ་པའི་གོ་སྐབས་བསྐྱུར་ཏེ་ཕྱིར་ཕ་ཡུལ་ལ་སོང་ནས། དབུལ་ཐར་མཁྲེགས་གཏོར་གྱི་ལས་ལ་ཞུགས་ཤིང་། རང་ཉིད་ཀྱི་ལང་ཚོས་གུང་ཁྲན་ཏང་མིའི་ཐོག་མའི་འགན་འཁྲི་འགྲེལ་བཤད་བྱས་པ་དང་དུས་རབས་གསར་བའི་ལང་ཚོའི་གཟི་ཉམས་མངོན་པར་བྱས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ན་གཞོན་བློ་མཐུན་རྣམས་ཀྱིས་བློ་མཐུན་ཧོང་ཝུན་ཞིག་མིག་དཔེ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ་དང་བྱས་རྗེས་འཇོག་ཕོད་པར་བྱས་ནས། དུས་རབས་གསར་བའི་རྒྱང་སྐྱོད་བགྲོད་ལམ་སྟེང་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་སྤྱོད་བཟང་དར་སྤེལ་བྱེད་དགོས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ན་གཞོན་བློ་མཐུན་རྣམས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར་སྐུལ་མ་གཏོང་བ་དང་སྣེ་ཁྲིད་བྱེད་པ་དང་། སྤོབས་པ་ཆེར་བསྐྱེད་སྒོས་དུས་རབས་གསར་བར་འབད་འཐབ་བྱེད་པ་དང་སྤྱོད་ཚུལ་ལེགས་པོ་མངོན་པར་བྱེད་ཆེད། ཏང་ཀྲུང་དབྱང་གིས་བློ་མཐུན་ཧོང་ཝུན་ཞིག་ལ་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུ་ཐག་བཅད།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཧོང་ཝུན་ཞིག་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཏུ་འཇོག་དགོས་པར་མ་ཟད།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། བྱེད་ཐབས་དང་རྣམ་པ་སྣ་ཚོགས་སྤྱད་དེ་སློབ་སྦྱོང་དང་དྲིལ་སྒྲོག་བཟང་བོ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།