ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་སྤྱི་ལོ་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་དངོས་མང་འགྲེམ་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་སྐྱེད་ཚལ་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་པ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་10པའི་ཚེས་9ཉིན་གྱི་ཕྱི་དྲོ་པེ་ཅིང་ཡན་ཆིང་དུ་སྤྱི་ལོ་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་དངོས་མང་འགྲེམ་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་སྐྱེད་ཚལ་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་ལྔ་པར། ལི་ཁེ་ཆང་གིས་ཀྲུང་གོའི་འགྲེམ་ཁང་གི་ཐོག་བརྩེགས་དང་པོའི་ཚོམས་ཆེན་དུ་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣར་བསུ་བ་ཞུས་ཡོད་པ་དང་། ཁོང་ཚོ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་མ་ཟད། འཛམ་གླིང་སྐྱེད་ཚལ་དངོས་མང་འགྲེམ་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་གྱང་ངོས་ཀྱི་མདུན་དུ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་སྐྱོན་ཡོད་པ་རེད། ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་དང་ལྷན་དུ་པེ་ཅིང་འཛམ་གླིང་སྐྱེད་ཚལ་དངོས་མང་འགྲེམ་ཚོགས་ཀྱི་ཕྱིར་དྲན་བརྙན་ཐུང་ལ་གཟིགས་པ་དང་། དེ་རྗེས། ཚང་མ་དང་ལྷན་དུ་ཀྲུང་གོའི་འགྲེམ་ཁང་གི་ཐོག་བརྩེགས་གཉིས་པར་ཡོད་པའི་ཡུན་ནན་དང་། བོད་ལྗོངས། ཀོང་ཏུང་བཅས་ཀྱི་འགྲེམ་ཁུལ་དུ་ཕེབས་ནས། ཁྱད་ལྡན་སྐྱེ་དངོས་དང་ངོ་མཚར་ཆེ་བའི་སྐྱེད་ཚལ་སྒྱུ་རྩལ་ལ་སྤྱན་གཟིགས་གནང་ཡོད་པ་རེད།

ལི་ཁེ་ཆང་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ནས་ཐུགས་སྣང་གཤིན་པོའི་ངང་སྤྱན་གཟིགས་གནང་བ་དང་། སྐབས་སྐབས་ལ་ཕེབས་མཚམས་བཞག་ནས་གསུང་བགྲོས་གནང་ཡོད། ལི་ཁེ་ཆང་གིས། ཀྲུང་གོའི་འགྲེམ་ཁང་གིས་ཀྲུང་ཧྭ་ས་གཞི་ཆེན་མོའི་ལྟ་ན་སྡུག་པའི་ས་ཁོངས་རིག་གནས་དང་མི་རིགས་ཀྱི་ཉམས་འགྱུར་འགྲེམ་ཡོད་པ་དང་། སྙན་ངག་གི་དབྱིངས་ལྡན་པའི་སྐྱེད་ཚལ་སྒྱུ་རྩལ་གྱི་སྐད་ཆའི་ཐོག་ནས་གསོན་ཉམས་ལྡན་པའི་ངང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་སྐྱེ་ཁམས་རིག་གནས་འགྲེམ་སྟོན་བྱས་ཡོད་ཅེས་གསུངས་ཡོད།

ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་སྐྱེད་ཚལ་སྒྱུ་རྩལ་པ་རྣམས་ཀྱི་རྩེར་སོན་གྱི་སྒྱུ་རྩལ་ལ་བསྔགས་བརྗོད་གནང་བ་དང་། ཀྲུང་གོར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་ཞིང་། ཀྲུང་གོའི་སྦགས་མེད་གོང་འཕེལ་གྱི་ཉམས་མྱོང་དཔྱད་གཞིར་འཛིན་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ས་གོ་ལའི་ཁྱིམ་གཞིས་བསྐྲུན་རྒྱུའི་ཐུགས་རེ་གནང་ཡོད་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།