ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་འཕྲུལ་ཆས་ཡིག་སྒྱུར་ཚོགས་ཆེན་སྐབས་བཅོ་ལྔ་བ་ནན་ཁྲང་དུ་འཚོགས།

ཡོང་ཁུངས། : ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་སློབ་ཚོགས།     སྤེལ་དུས། : 2019-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་འཕྲུལ་ཆས་ཡིག་སྒྱུར་ཚོགས་ཆེན་(CCMT2019)སྐབས་བཅོ་ལྔ་བ་ཉེ་སྔོན་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་རུ་འཚོགས། ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོ་ཆ་འཕྲིན་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཅང་ཞི་དགེ་འོས་སློབ་ཆེན་གྱིས་འགན་སྒྲུབ་གནང་བ་རེད། ཚོགས་ཐོག་ཏུ་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་། དེ་མིན་ཁེ་ལས་བཅས་ཀྱི་ཆེད་མཁས་པ་དང་མཁས་དབང་སུམ་བརྒྱ་ཉེ་བ་ཞུགས་ཡོད། ཚོགས་འདུའི་སྟེང་འཕྲུལ་ཆས་ཡིག་སྒྱུར་ཁྱབ་ཁོངས་ཀྱི་ཆེས་གསར་བའི་ཞིབ་འཇུག་གྲུབ་འབྲས་སྙན་ཞུ་དང་འབྲེལ་ཡོད་འཕྲུལ་ཆས་ཡིག་སྒྱུར་དང་འབྲེལ་བའི་འགན་འཁྲི་དང་མ་ལག་འཛུགས་སྐྲུན་ལ་དཔྱད་འཇོག ཞིབ་འཇུག་འཕེལ་རིམ་དང་ལག་རྩལ་བེད་སྤྱོད་ལ་དཔྱད་བསྡུར། འབུམ་རམས་པ་གསོ་སྐྱོང་ཐད་ཀྱི་ཆེད་དམིགས་གནད་དོན་ལ་བགྲོ་གླེང་བཅས་བྱས་ནས། ཧུར་ཐག་སྒོས་རྒྱལ་ནང་གི་འཕྲུལ་ཆས་ཡིག་སྒྱུར་གྱི་ཞིབ་འཇུག་ཐད་བསམ་བློ་བརྗེ་རེས་བྱེད་ས་ཞིག་འདོན་སྤྲོད་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་གཅིག་པའི་བར་རིག་གཞུང་བརྗེ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན། རང་རྒྱལ་གྱི་འཕྲུལ་ཆས་ཡིག་སྒྱུར་ལས་དོན་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་བྱས་ཡོད།

图像 2019-10-9,上午10.22.jpg

      ཅང་ཞི་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཏིན་ཧའེ་ཡིས་ཕེབས་བསུ་ཤིས་ཚིག་འབུལ་བཞིན་པ།

图像 2019-10-9,上午10.22 (1).jpg

      ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་སློབ་ཚོགས་ཀྱི་མཚན་འཛིན་ལས་འཛིན་འགོ་གཙོ་ལིས་ཧྲིན་གྱིས་ཤིས་ཚིག་འབུལ་བཞིན་པ། 

图像 2019-10-9,上午10.22 (2).jpg

     ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་སློབ་ཚོགས་འཕྲུལ་ཆས་ཡིག་སྒྱུར་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་སུའུ་ཀྲིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་མིན་གྱིས་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཤིས་ཚིག་འབུལ་བཞིན་པ། 

འགོ་རྩོམ་མཛད་སྒོའི་སྟེང་། ཅང་ཞི་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཏིན་ཧའེ་ཡིས་ཕེབས་བསུ་ཤིས་ཚིག་ཕུལ་ཞིང་། ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་སློབ་ཚོགས་ཀྱི་མཚན་འཛིན་ལས་ཧྲི་ཀྲང་ལིས་ཧྲིན་དང་ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་སློབ་ཚོགས་འཕྲུལ་ཆས་ཡིག་སྒྱུར་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་སུའུ་ཀྲིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་མིན་གཉིས་ཀྱིས་སློབ་ཚོགས་དང་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

图像 2019-10-9,上午10.30.jpg

དགེ་རྒན་ཆེན་མོ་ཀྲང་མིན་ལགས་ཀྱིས་ཚོགས་འདུའི་དཔྱད་རྩོམ་ཞིབ་དཔྱད་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ནས་རྒྱ་དབྱིན་ཡིག་རིགས་གཉིས་ཀྱི་ཆེས་ལེགས་པའི་དཔྱད་རྩོམ་ལ་བྱ་དགའ་གནང་བཞིན་པ།

图像 2019-10-9,上午10.30 (1).jpg

ཆེད་མཁས་པས་འཕྲུལ་ཆས་ཡིག་སྒྱུར་ཐད་ནས་བགྲོ་གླེང་བྱེད་བཞིན་པ།

ཚོགས་འདུའི་སྟེང་། དགེ་རྒན་ཆེན་མོ་ཀྲང་མིན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དཔྱད་རྩོམ་ཞིབ་དཔྱད་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ནས་རྒྱ་དབྱིན་ཡིག་རིགས་གཉིས་ཀྱི་ཆེས་ལེགས་པའི་དཔྱད་རྩོམ་ལ་བྱ་དགའ་གནང་བ་མ་ཟད། དཔྱད་རྩོམ8ཡི་རྩོམ་པ་པོ་རེ་རེས་དཔྱད་རྩོམ་གྱི་ནང་དོན་ངག་ཐོག་ནས་ཞུ་འབུལ་བྱས། དེ་མིན་ཚོགས་འདུའི་སྐབས་སུ་ཆེད་མཁས་པ་གདན་འདྲེན་བྱས་ནས་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་གནང་བ་རེད། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་སྒྱུར་བྱས།)

图像 2019-10-9,上午10.32.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།