ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་སྲིད་གཞུང་ཁྲིམས་འཛུགས་ཀྱིས་རིགས་སོ་སོའི་ཚོང་རའི་གཙོ་གཞིའི་དངུལ་གཏོང་ལས་སྤེལ་ཐད་ལ་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིག་ཚགས་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཆེད་དུ་སྲིད་འཛིན་ཁྲིམས་སྲོལ་གཏན་འཁེལ་བྱས་ནས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་ནི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། ཚོང་རའི་གསོན་ཤུགས་དང་དཔལ་འབྱོར་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཚོགས་ཐོག་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ་ཚོང་རའི་གཙོ་གཞིའི་དགོས་མཁོ་ལྟར། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་གཅིག་སྡུད་བྱས་ཤིང་། ཉེ་བའི་ལོ་འགའི་རིང་ལ་དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་ལག་བསྟར་བྱས་ཏེ་ཕན་འབྲས་ཐོབ་པའི་ཉམས་མྱོང་དང་སྒྲུབ་སྟངས་དེ་ཁྲིམས་སྲོལ་དུ་མཐོར་འདེགས་གཏོང་རྒྱུ་ཡིན་པར་མ་ཟད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ཏེ་རིགས་སོ་སོའི་ཚོང་རའི་གཙོ་གཞི་ལ་ལྟ་ཚུལ་གཅིག་འདྲ་འཛིན་པའི་ཚོང་གཉེར་ཁོར་ཡུག་གཞི་རྩའི་ལམ་ལུགས་ཚད་ལྡན་དུ་གཏོང་རྒྱུ་གཏན་འཁེལ་བྱེད་ངེས་ཡིན་ཟེར།

ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིག་ཚགས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་ལ་བཟོ་བཅོས་བྱས་རྗེས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་ཞིབ་བྱེད་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།