ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨོ་མིན་གྲོང་པ་སྤྱིའི་ཚོགས་པའི་དབྱི་ཅོན་ལྟེ་གནས་ཀྱི་འོས་ལས་པ་རྒན་པའི་ཚན་ཁག་གི་རྒན་པ་སུམ་ཅུ་ལ་འཕྲིན་ལན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མིན་གྲོང་པ་སྤྱིའི་ཚོགས་པའི་དབྱི་ཅོན་ལྟེ་གནས་ཀྱི་འོས་ལས་པ་རྒན་པའི་ཚན་ཁག་གི་རྒན་པ་སུམ་ཅུ་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་བརྩེ་བའི་འཚམས་འདྲི་གནང་བར་མ་ཟད་རྒྱལ་ཡོངས་ཀྱི་རྒན་པ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར། ཁྱེད་ཚོས་བསྐུར་ཡོང་བའི་འཕྲིན་ཡིག་ལ་བལྟས་རྗེས། བདག་གིས་ལོ་བཅུའི་སྔོན་ལ་ཨོ་མིན་ནས་ཁྱོད་ཚོར་ཐུག་འཕྲད་བྱས་པའི་རྣམ་པ་དེ་དྲན་བྱུང་། ཁྱོད་ཚོས་ལས་འཁྱུར་ངལ་གསོ་བྱས་རྗེས་སྤྱི་ཕན་ལས་དོན་གཉེར་བ་དང་འཚོ་བ་སྔར་ལས་སྐྱིད་པོ་རོལ་བཞིན་པ་ཤེས་རྗེས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་བཞིན་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་གསར་བ་དང་དུས་མཉམ་གཅིག་ཡིན་པའི་ཆ་ནས་ཁྱོད་ཚོས་ལོ་བཅུ་ཕྲག་འགའི་རིང་ལ་རྒྱལ་ཁབ་ལ་འགྱུར་ལྡོག་ཆེན་པ་བྱུང་བ་བདེན་དཔང་བྱས་པ་དང་། ཨོ་མིན་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་བདེ་བླག་ངང་ལག་ལེན་བྱས་པ་དངོས་སུ་བརྒྱུད་མྱོང་། ཁྱོད་ཚོས་རྒས་ན་གཉོར་མཁན་ཡོད་པ་དང་མུ་མཐུད་དུ་ནུས་ཤུགས་གང་ཡོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཨོ་མིན་གྱི་ན་གཞོན་རྣམས་ལ་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་སྔ་གཞུག་གི་གཏམ་རྒྱུད་མང་པོ་ལྷུག་པར་བརྗོད་པ་དང་། ཁོ་ཚོར་རྒྱལ་གཅེས་ཨོ་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བཟང་བོ་བྱེད་པར་སྐུལ་མ་གཏོང་དགོས་ལ། ཧུར་ཐག་སྒོས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུག་ཆེན་པོའི་འཛུགས་སྐྲུན་ཁྲོད་དུ་ཞུགས་ནས་སྔར་ལས་མཛེས་པའི་ཨོ་མིན་འཛུགས་སྐྲུན་བྱེད་དགོས་ཟེར།

ཉིས་སྟོང་བདུན་ལོར་ཨོ་མིན་གྲོང་པ་སྤྱིའི་ཚོགས་པའི་དབྱི་ཅོན་ལྟེ་གནས་བཙུགས་པ་དང་ཆེད་དུ་ལོ་ལོན་རྒན་པར་ཞབས་ཕྱི་བསྒྲུབས་པའི་སྒྲིག་གཞི་ཞིག་ཡིན། ཉིས་སྟོང་དགུ་ལོའི་ཟླ་དང་པོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་པའི་ཞི་ཅིན་ཕིང་གིས་ཨོ་མིན་ལ་གཟིགས་ཞིབ་གནང་སྐབས་ལྟེ་གནས་དེར་ཕེབས་ནས་རྒན་པ་རྣམས་ལ་འཚམས་འདྲི་བྱས་མྱོང་། ཉེ་ལམ། དབྱི་ཅོན་ལྟེ་གནས་ཀྱི་འོས་ལས་པ་རྒན་པ་སུམ་ཅུས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་བརྗོད་པ་དང་། རང་ཉིད་ལ་རྒྱལ་གཅེས་ཨོ་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་པར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།