ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་སོགས་རྒྱལ་ཁབ་དྲུག་གི་གཙོ་བདག་དང་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་རྒྱལ་ཁབ་དྲུག་བར་འབྲེལ་བ་བཙུགས་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས4ནས་ཚེས7ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་དང་།པའོ་ཅ་ལི་ཡ་དང་ལུའོ་མ་ཉི་ཡ། ཅེ་ཁེ། སི་ལོ་ཧྥ་ཁེ། ཞུང་ཡ་ལི། པོ་ལན་བཅས་རྒྱལ་ཁབ་དྲུག་གི་གཙོ་བདག་དང་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་རྒྱལ་ཁབ་དྲུག་བར་འབྲེལ་བ་བཙུགས་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་རྒྱལ་ཁབ་དྲུག་གི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་དང་སྨོན་འདུན་ཞུས།  ཞི་ཅིན་ཕིང་གིས་རྒྱལ་ཁབ་དྲུག་པོ་ནི་སྔ་མོ་ནས་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཁག་གཅིག་ཡིན། རྒྱལ་ཁབ་དྲུག་པོའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ70རིང་། ཀྲུང་གོ་དང་རྒྱལ་ཁབ་དྲུག་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ། གཉིས་ཕན་བཅས་ཀྱི་རྩ་དོན་ལ་བརྟེན་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་རྒྱལ་ཁབ་དྲུག་གི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད། མིག་སྔར་ཕྱོགས་གཉིས་པོའི་མཐོ་རིམ་འགོ་ཁྲིད་པའི་བར་འགྲོ་འོང་དམ་ཟབ་ཡོད་པ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་མི་ཆོས་རིག་གནས་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་པོ་ཡོད། དུས་རབས་གསར་པར་ཀྲུང་གོ་དང་རྒྱལ་ཁབ་དྲུག་བར་གྱི་འབྲེལ་བ་ལ་སྔར་བས་རྒྱ་ཆེ་བའི་མདུན་ལམ་གསར་པ་འཕྲད་ཡོད། ངས་རྒྱལ་ཁབ་དྲུག་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་དྲུག་པོའི་འགོ་གཙོ་དང་ཐུན་མོང་གིས་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་གོ་སྐབས་ཡག་པོ་སྤྱད་དེ་སྲོལ་རྒྱུན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་དྲུག་པོའི་འགོ་གཙོས་ལོ་ངོ70ཡི་རིང་རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོའི་ཕྱོགས་གཉིས་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་དང་ཉམས་སད་ཐེག་པ་དང་ཡུན་རིང་འཕེལ་རྒྱས་བྱུང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། རྒྱལ་ཁབ་དྲུག་པོས་ཀྲུང་གོར་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྲོལ་རྒྱུན་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་ཕྱོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་རྒྱལ་ཁབ་དྲུག་གི་ཙུང་ལི་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་རེད། ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དྲུག་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ70འཁོར་བ་གོ་སྐབས་སུ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་དེ་ལས་ཡག་པོ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། རྒྱལ་ཁབ་དྲུག་གི་ཙུང་ལིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།