ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལི་ཁྱིག་སིའི་ཙུང་ལི་ཡིས་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལི་ཁྱིག་སི་ཡི་ཙུང་ལི་ཅཱ་ཀི་ནཱ་ཐི་ཡིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། མའོ་ལི་ཁྱིག་སི་ཡིས་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། ཁོས་ད་རུང་ཙུང་ཐུང་ལ་སྐབས་འདིའི་གྲོས་ཁང་གཏོར་བའི་རེ་ཞུ་འདོན་རྒྱུ་ཡིན་ཟེར། 

    ཅཱ་ཀི་ནཱ་ཐི་ཡིས་ཉིན་དེར་རྒྱང་སྒྲོག་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བསྟན་དོན། སྐབས་འདིའི་སྲིད་གཞུང་གི་འགན་ཡུན་ལོངས་ལ་ཉེ་བ་དང་། ཁོས་འདེམ་བསྐོའི་ཆེད་དོན་གྲོས་བསྡུར་བྱས་རྗེས། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་ཡིན་ཟེར། 

   མའོ་ལི་ཁྱིག་སི་ནི་གྲོས་ཁང་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ལི་ནི་གྲོས་ཁང་གི་ལས་གནས་མང་བོ་ཐོབ་པའི་ཏང་ཁག་གི་གཙོ་འཛིན་གྱིས་འགན་ཁུར་དགོས་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་ལག་བསྟར་བྱེད་པ་ཡིན་ལ། ཙུང་ཐུང་ནི་གུས་ལུགས་རང་བཞིན་གྱི་རྒྱལ་ཁབ་ཀྱི་མགོ་གཙོ་ཡིན་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།