ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་སྟེང་དུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭའི་བུ་དང་བུ་མོ་དུང་ཕྱུར་མང་པོ་བསྐྱར་དར་བགྲོད་ལམ་སྟེང་དུ་མུ་མཐུད་ནས་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་། ཚང་མས་བཤད་རྒྱུར། ཅིང་ཀྱང་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་བ་སྔར་ལས་གསར་སྐྲུན་བྱེད་ངེས་ཡིན།

    ལོ་བདུན་ཅུའི་རིང་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཀུན་གྱིས་ཡིད་སྨོན་དང་མཐོང་ཆེན་བྱེད་པའི་རླབས་ཆེན་གྲུབ་འབྲས་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ཙམ་གྱི་ཆོད་སེམས་ཇེ་བརྟན་དུ་བཏང་།

    མདུན་སྐྱོད་བགྲོད་ལམ་སྟེང་དུ་ཅིས་ཀྱང་ངེས་པར་དུ་རྒྱལ་གཅེས་སྤྲོ་སེམས་དེ་སྤོབས་པ་ཆེར་བསྐྱེད་སྒོས་འབད་འཐབ་བྱེད་པའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མུ་མཐུད་ནས་ང་ཚོའི་རྒྱལ་ཁབ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།