ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་གཞི་རིམ་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཤེས་ཡོན་ཅན་དང་ན་གཞོན་སློབ་མ། ས་གནས་སོ་སོའི་གཞི་རིམ་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚང་མས་བཤད་རྒྱུར། འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་བར་བྱས་རྗེས་འཇོག་པ་དང་མུ་མཐུད་ནས་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་ཆེན་པོ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུའི་རིང་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་ཤིང་། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་ཡང་བསྐྱར་རླབས་ཆེན་བྱ་གཞག་སྐྲུན་པའི་ཆོད་སེམས་བརྟན་པོ་གསལ་སྒྲོག་བྱས་པ་དང་། དུས་རབས་གསར་བར་ཀྲུང་ཧྭའི་བུ་དང་བུ་མོས་འབད་འཐབ་ལྷོད་མེད་བྱེད་པར་རེ་འབོད་བཏོན་ཡོད། བསྟུད་མར་ཉིན་འགའི་རིང་ལ་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་རིང་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད།

ལོ་བདུན་ཅུའི་རིང་ལ་མཆོངས་སྐྱོད་བྱས་པ་ནི་ཀྲུང་གོའི་དཔལ་འབྱོར་ཁོ་ན་མ་ཡིན་པར་ཚན་རྩལ་ཡར་ཐོན་དང་ཀྲུང་གོའི་མགྱོགས་ཚད་ཀྱང་ཡིན། ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་མུ་མཐུད་ནས་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་ངེས་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།