ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་ལོ་ངོ་བདུན་ཅུའི་རིང་ལ་ཀྲུང་གོ་གསར་བས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ཙམ་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་པར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ། ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚང་མས་བཤད་རྒྱུར། ཅིས་ཀྱང་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན་ཟེར།
ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུའི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། བགྲོད་ལམ་གསར་བའི་སྟེང་དུ་རྒྱུན་མཐུད་སྒོས་འབད་འཐབ་བྱེད་པའི་རླབས་ཆེན་འབོད་སྐུལ་བཏང་བ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་དུས་རབས་གསར་བར་མདུན་དུ་སྐྱོད་པའི་འོད་སྟོང་འབར་བའི་བསྒྲགས་གཏམ་ཡི་གེ་དང་སྐུལ་སློང་བཀའ་བརྡ་ཡིན་པར་སྙམ།
རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱེད་དགོས། ཚང་མས་བལྟས་ན། སྤོབས་སེམས་ཀྱིས་ཁེངས་བའི་ཆབ་སྲིད་སྤྲོ་སྣང་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་དེ་རྦད་ཆོད་ཀྱི་ཕུགས་འདུན་འདུ་ཤེས་སུ་བསྒྱུར་ཞིང་སྤོབས་པ་ཆེན་པོའི་ཁག་ཁུར་དང་འགན་འཁྲི་དང་ལེན་བྱེད་པའི་སྙིང་སྟོབས་ཀྱི་སྒུལ་ཤུགས་སུ་བསྒྱུར་བ་དང་། ལས་གནས་སུ་རྐང་འཛུགས་པ་དང་བྱ་བར་འབད་བརྩོན་བྱེད་པའི་དོན་དངོས་འགུལ་སྐྱོད་དུ་སྒྱུར་དགོས་པར་སྙམ།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ཐོག་ཏུ་དོ་སྣང་ཆེན་པོ་ཐོབ།