ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་རྣམ་གཉིས་ཀྱིས་པི་ལི་ཧྲི་ལ་བསྐྱལ་བའི་དོམ་ཁྲ་ཧའོ་ཧའོ་ལ་དོམ་ཕྲུག་གཉིས་རྩེབ་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་ཟླ་བརྒྱད་པར། པི་ལི་ཧྲི་ལ་བསྐྱལ་བའི་དོམ་ཁྲ་ཧའོ་ཧའོ་ལ་དོམ་ཕྲུག་གཉིས་རྩེབ། ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལིས་ཕུའུ་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་གློག་འཕྲིན་ནང་བསྟན་དོན། དོམ་ཕྲུག་གཉིས་རྩེབ་པར་མཉམ་དུ་རྟེན་འབྲེལ་ཞུ་དགོས་པ་དང་། དོམ་ཕྲུག་གཉིས་ཀ་ནི་ཀྲུང་གོ་དང་པི་ལི་ཧྲི་བར་གྱི་མཛའ་མཐུན་འཕྲིན་བཟང་དུ་འགྱུར་བར་ཡིད་ཆེས་ཡོད། བདག་གིས་ཀྲུང་གོ་དང་པི་ལི་ཧྲིའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་རྒྱལ་བོ་ཧྥེ་ལིས་ཕུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་པི་ལི་ཧྲིའི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྥེ་ལིས་ཕུའུ་ཡིས་གློག་འཕྲིན་ནང་བཤད་རྒྱུར། དོམ་ཕྲུག་གཉིས་རྩེབ་པ་ནི་འཕྲིན་བཟང་ཞིག་ཡིན། བདག་གིས་པི་ལི་ཧྲི་དང་ཀྲུང་གོས་ཁྱབ་ཁོངས་མང་པོ་ནས་མཉམ་ལས་བཟང་བོ་བྱས་པར་གཟེངས་བསྟོད་བྱེད་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།