ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཐེ་གོའི་ཀོང་ཇོ་ཧྲི་ལིན་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཐེ་གོའི་ཀོང་ཇོ་ཧྲི་ལིན་ཐུང་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཇོ་ཧྲི་ལིན་ཐུང་ལ་ཀྲུང་གོ་རྒྱལ་ཁབ་ཀྱི་ཆེས་མཐོའི་མཛའ་མཐུན་བྱས་རྗེས་རྟགས་མ་གནང་། བྱས་རྗེས་རྟགས་མ་གནང་བ་དེ་ལས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཀོང་ཇོས་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་བྱས་པ་མཚོན་པར་བྱས་པ་དང་། ཀྲུང་གོ་དང་ཐེ་གོ་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་མཚོན་པར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་དང་ཐེ་གོའི་གོང་མ་ཚང་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཐེ་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཧྲི་ལིན་ཐུང་གིས་བཤད་རྒྱུར། ཐེ་གོའི་གོང་མ་ཚང་གིས་ཐེ་གོ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཐེ་གོ་དང་ཀྲུང་གོའི་མཛའ་མཐུན་དང་དངོས་གཉེར་མཉམ་ལས་ཐད་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།