ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་མེ་ཏོག་ཕྲེང་བའི་སྟེང་གི་དར་ཚོན་ལེགས་བཅོས་གནང་བའི་ཚུལ་རེད།
ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།
ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། སྔོན་གཤེགགས་དཔའོ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོར་ཞུགས།
ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། སྔོན་གཤེགགས་དཔའོ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོར་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།
རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། བཀྲགས་མདངས་འཚེར་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད། ཐང་ཆེན་གྱི་ལོགས་གཉིས་སུ། བརྗོད་དོན་ལྗོངས་བཀོད་ཀྱི་འབུར་བརྐོས་ཆེན་མོ་དཔྱང་དར་དམར་པོ་ཞེས་པས་མིག་དབང་འཕྲོག་འོང་། ཀྲོང་ངེར་འགྱིང་བའི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་བྱང་ལོགས་སུ། མེ་ཏོག་གི་སྡིངས་ཆ་ཆེན་པོ་གཉིས་ཀྱི་སྟེང་མེ་ཏོག་ལུག་མིག་དཀར་པོ་སོགས་ཀྱིས་བཟོས་པའི་མེ་ཏོག་གི་ཕྲེང་བ་བཅོ་བརྒྱད་ཀྱིས་བརྒྱན་པ་དེས་རྒྱལ་ཡོངས་མི་དམངས་ཀྱིས་སྔོན་གཤེགས་དཔའ་བོར་བཅངས་པའི་དྲན་གདུང་ཟབ་མོ་མཚོན་ཡོད།
དུས་ཚོད་བཅུ་ལ་ཉེ་སྐབས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོར་ཞུགས།
དྲན་གསོའི་རྡོ་རིང་གི་མདུན་དུ། ལས་རིགས་སོ་སོའི་འཐུས་ཚབ་པ་སྟོང་བཞི་ལྷག་གིས་ལག་ཏུ་མེ་ཏོག་བཟུང་ནས་གྲལ་སྟར་འགྲིག་པོས་ཀྲོང་ངེར་ལངས་ཡོད། ཁོ་ཚོའི་ཁྲོད་དུ་དགུང་ལོ་དགུ་བཅུ་བརྒལ་བའི་འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པ་ཡོད་ལ། བྲང་ཁར་དར་ཚོན་དམར་པོ་བཏགས་པའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཡོད་པ་དང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི་ཡོད་ལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོད་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་སློབ་མ་དང་ལོ་ཆུང་བྱིས་པ་ཡང་ཡོད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རོལ་དབྱངས་ཚོགས་པའི་འཁྱིལ་དུང་ཆུང་བ་འབུད་མཁན་བཅུས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་དུང་བརྡ་ཞེས་པ་བུས་པ་དང་། ཟབ་ཅིང་གསལ་བའི་དུང་བརྡ་དེས་མི་རྣམས་འདས་སོང་གི་ལོ་ཟླའི་ཁྲོད་དུ་ཁྲིད།
ལོ་ངོ་བདུན་ཅུའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་ཕྱུག་པོར་གྱུར་པ་དང་། དེ་ནས་སྟོབས་ལྡན་དུ་གྱུར་པའི་ལོ་རྒྱུས་ཀྱི་མཆོང་སྐྱོད་བསུས་ཏེ། འཛམ་གླིང་གིས་ཡིད་སྨོན་བྱེད་པའི་ཀྲུང་གོའི་ངོ་མཚར་བསྐྲུན་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་ཕྱོགས་སུ་ཡིད་ཆེས་ཆེན་པོས་མདུན་སྐྱོད་བྱས།
གུས་ལུགས་དམག་གིས་གྲ་སྒྲིག་བྱོས་ཞེས་པའི་བཀའ་བབས་པ་དང་བསྟུན་ནས། དམག་སྣ་གསུམ་གྱི་གཟབ་སྦྲེང་དམག་མི་དྲུག་ཅུ་གོམ་སྟབས་འགྲིག་པོས་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ་མེ་མདའ་བཟུང་སྟེ་ཡུན་རིང་ལངས་ནས་བསྡུས།
དུས་ཙོད་བཅུའི་སྟེང་། མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་དངོས་སུ་མགོ་བརྩམས། དམག་དཔུང་གི་རོལ་དབྱངས་ཚོགས་པས་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་བ་དདང་། ཚོགས་རའི་མི་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
རྒྱལ་གླུ་བླངས་ཚར་རྗེས་ཚང་མ་ཁུ་སིམ་མེར་ལངས་ནས། ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཐད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་མྱ་ངན་ཞུས།
མྱ་ངན་གྱི་རྗེས་སུ་ན་ཆུང་བྱིས་པ་སུམ་བརྒྱ་ལྷག་གིས་ལག་ཏུ་མེ་ཏོག་བཟུང་བ་དང་། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་གདོང་གཏད་དེ་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུད་འཛིན་པ་ཡིན་ཞེས་པའི་གླུ་དབྱངས་བླངས་པར་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་གུས་ལུགས་ཕུལ།
མི་ཚོགས་ཀྱི་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ། དམངས་གཙོ་ཏང་ཁག་སོ་སོ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་སོ་སོའི་མང་ཚོོགས། འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་མིང་ཐོག་ནས་ཕུལ་བའི་མེ་ཏོག་གི་ཕྲེང་བ་ཆེན་པོ་དགུ་ལེགས་པོར་བསྒྲིགས་ཡོད་ལ། མེ་ཏོག་ཕྲེང་བའི་དར་ཚོན་སྟེང་དུ་མི་དམངས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག་ཅེས་གསལ་བོར་བྲིས་ཡོད།
རོལ་དབྱངས་ཚོགས་པས་བརྩེ་བས་ཕྱུག་པའི་མེ་ཏོག་འབུལ་དབྱངས་དཀྲོལ་བ་ན། གུས་ལུགས་དམག་མི་བཅོ་བརྒྱད་ཀྱིས་མེ་ཏོག་གི་ཕྲེང་བ་བརྟན་པོར་བཀྱགས་ནས། དལ་གྱིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ཕྱོགས་བསྐྱོད་དེ། མེ་ཏོག་གི་ཕྲེང་བ་དྲན་གསོའི་རྡོ་རིང་གི་རྨང་སྟེགས་སྟེང་བཞག
ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་དྲན་གསོའི་རྡོ་རིང་གི་རྨང་སྟེགས་སྟེང་ཕེབས་ནས། མེ་ཏོག་གི་ཕྲེང་བའི་མདུན་དུ་ལངས་ཏེ་མི་དམངས་དཔའ་བོར་བཅངས་པའི་གདུང་སེམས་དང་བླ་མེད་གུས་སེམས་མཚོན་པར་བྱས།
ཞི་ཅིན་ཕིང་མདུན་དུ་ཕེབས་ནས་མེ་ཏོག་ཕྲེང་བའི་སྟེང་གི་དར་ཚོན་ལེགས་བཅོས་གནང་།
དེའི་རྗེས་སུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དལ་གྱིས་བསྐོར་བ་བརྒྱབ་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མཇལ།
ན་ཆུང་བྱིས་པ་དང་ལས་རིགས་སོ་སོའི་འཐུས་ཚབ་པ་ཡང་གོ་རིམ་བཞིན་དྲན་གསོའི་རྡོ་རིང་གི་མདུན་དུ་སོང་ནས། ལག་གི་མེ་ཏོག་ཕུལ་བར་མ་ཟད་རྡོ་རིང་ལ་མཇལ་ཏེ། གསར་བརྗེ་སྔོན་གཤེགས་དཔའ་བོའི་མཛད་རྗེས་རླབས་ཆེན་རྗེས་སུ་དྲན་པ་དང་ད་ལྟའི་བདེ་སྐྱིད་འཚོ་བ་ནི་ཐོབ་དཀའ་བ་ཞིག་ཡིན་པ་ཟབ་མོར་ཚོར།
མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཆི་ཡིས་མགོ་འཛིན་བྱས།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་མཛད་སྒོར་ཞུགས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་པེ་ཅིན་ནས་གཟབ་རྒྱས་ངང་བསྡུས་ལ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་མཛད་སྒོར་ཞུགས།