ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་རུ་མི་དང་རྩལ་ཁྲིད་པའི་འཐུས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་འཛམ་གླིང་བུམ་པ་རྟགས་མའི་ཨང་དང་པོ་བླངས་པའི་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་རུ་མི་དང་རྩལ་ཁྲིད་པའི་འཐུས་མི་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཆེད་དུ་གདན་དྲངས་པ་དང་། ཚོགས་འདུའི་སྔོན་ལ་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ཞེ་ལྔའི་སྟེང་། བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་རུ་མི་དང་རྩལ་ཁྲིད་པའི་འཐུས་མི་རྣམས་མི་དམངས་ཚོགས་ཁང་ཆེན་མོའི་ཧྥུའུ་ཅན་ཚོམས་ཁང་དུ་ཐོན་རྗེས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་འཇུ་གནང་། ཞི་ཅིན་ཕིང་གིས་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་སྣེ་ཁྲིད་པ་དང་རྩལ་ཁྲིད་པ། ལུས་རྩལ་པའི་འཐུས་མིས་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། མེས་རྒྱལ་གྱི་གོང་འོག་ཀུན་ཏུ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་འདིར་བདག་གིས་ཐོག་མར་ཁྱེད་ཚོས་བུད་མེད་ཕའེ་ཆིའུ་སྤོ་ལོ་འཛམ་གླིང་བུམ་པ་རྟགས་མའི་ཨང་དང་པོ་བླངས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་སྐབས་ཕྱོགས་སོ་སོ་སྟོབས་ལྡན་དུ་ཡོང་བར་བྱེད་དགོས། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ན། ཤུགས་ཆེན་པོས་དུས་རབས་གསར་བའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ལུས་རྩལ་སྦྱོང་བརྡར་དང་མི་དམངས་བདེ་ཐང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་དང་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་ཟུང་འབྲེལ་བྱེད་པ། རྒྱལ་ཡོངས་སྒྲིག་སྲོལ་དང་ཚོང་རའི་རྐྱེན་སྲོལ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་དུས་རབས་གསར་བའི་རང་རྒྱལ་ལུས་རྩལ་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་མུ་མཐུད་དུ་ཡང་འབད་བསྐྱར་འབད་བྱས་ཏེ། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་སྟེང་གྲུབ་འབྲས་བཟང་བོ་ལེན་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།