ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་གོར་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་དུ་ཕེབས་ནས་ཞི་ལ་ཁི་སྐུ་གཤེགས་པར་མྱ་ངན་ཞུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་ཀྲུང་གོར་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་དུ་ཕེབས་ནས། ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ཐུང་ཡཱ་ཁི.ཞི་ལ་ཁི་སྐུ་གཤེགས་པར་མྱ་ངན་ཞུས།

ཝང་ཆི་ཧྲན་ཞི་ལ་ཁིའི་འདྲ་པར་གྱི་མདུན་དུ་ལངས་ནས་མྱ་ངན་ཞུས་པ་མ་ཟད། མྱ་ངན་ཟིན་བྲིས་སྟེང་མྱ་ངན་ཞུ་ཚིག་བྲིས་ཏེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་ཞི་ལ་ཁི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཧྥ་རན་སིའི་སྲིད་གཞུང་དང་མི་དམངས། ཞི་ལ་ཁིའི་ཁྱིམ་མི་ལ་འཚམས་འདྲི་མཛད། ཝང་ཆི་ཧྲན་གྱིས་བསྟན་དོན། ཙུང་ཐུང་ཞི་ལ་ཁི་ནི་ཧྥ་རན་སིའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་འགོ་ཁྲིད་མི་སྣ་ཡིན་ལ། ཀྲུང་གོ་དང་ཧྥ་རན་སི། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཤར་ནུབ་ཕྱོགས་ཀྱི་རིག་གནས་བརྗེ་རེས་དང་དཔེ་ལྟར་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་འབུར་ཐོན་བཞག ཙུང་ཐུང་ཞི་ལ་ཁི་ནི་ཀྲུང་གོ་མི་དམངས་གྲོགས་པོ་བཟང་བོ་ཡིན་ལ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་དར་ཆ་ལྟ་བུ་ཡང་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་ཙུང་ཐུང་ཞི་ལ་ཁིའི་ལོ་རྒྱུས་བྱས་རྗེས་བརྗེད་མི་སྲིད། དེ་རིང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཐབ་ཇུས་རང་བཞིན་སྔར་ལས་འབུར་ཐོན་ཡིན་ལ། ནང་དོན་ཕུན་སུམ་ཚོགས། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཁི་ལུང་བར་གྲུབ་པའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱས་ནས། ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།