ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ཉི་དང་རྒྱལ་ཡུམ་མའོ་ཉི་ལེ་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ཉེར་བདུན་ཉིན་ཏེ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ཉི་དང་རྒྱལ་ཡུམ་མའོ་ཉི་ལེ་གཉིས་ལ་མཇལ་འཕྲད་གནང་། ཝང་དབྱང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་གི་ལྕམ་མོ་གཉིས་ཀྱི་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་བསྒྲགས་བྱས། 

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་རིང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་ལས་དོན་ཐད་ནས་བླངས་པའི་འཕེལ་རྒྱས་ལ་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཁམ་པོ་ཀྲེ་རྒྱལ་བོ་ཚང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཀྲེ་ཡིས་ལས་དབང་ཐུན་མོང་ཚོགས་པའི་འགུལ་སྐྱོད་འཆར་གཞི་འཛུགས་སྐྲུན་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་ནས། ཁམ་ཕུ་ཀྲེ་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་བཏང་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏོང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཞི་ཧཱ་མའོ་ཉི་དང་མའོ་ཉི་ལེ་ཡིས་ཝང་དབྱང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་གི་ལྕམ་མོ་གཉིས་ལ་སེམས་ཁོང་ནས་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ལོན་པར་ལྷག་བསམ་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་དཔལ་འབྱོར་འཛུགས་སྐྲུན་ཐད་ནས་བླངས་པའི་རླབས་ཆེ་བའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས།

ཞ་པའོ་ལུང་དང་ཧྲོ་ཧོང་གཉིས་མཇལ་འཕྲད་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།