ཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཟིགས་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྐུ་གདུང་མཆོད་རྟེན་དཀར་པོར་མཇལ་ཕྱག་འབུལ་བའི་ཚུལ་རེད། ཀྲིན་ཧྲོའོ་ཡིས་པར་བླངས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་གོ་བོད་རྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་པེ་ཅིང་མཁར་གྱི་དགོན་སེར་ནུབ་མའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཟིགས་ཞིབ་གནང་བར་ཕེབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཐོག་མར་སྐུ་གདུང་མཆོད་རྟེན་དཀར་པོར་ཁ་བཏགས་ཕུལ་ནས་བཀའ་ཆོས་གསུངས་ཤིང་། མཆོད་རྟེན་ལ་སྐོར་བ་བརྒྱབ་ཏེ་སྨོན་ལམ་གསུངས།

2.jpg

པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སློབ་གླིང་གི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱེད་པའི་འབྲེལ་ཡོད་གནས་ཚུལ་ལ་གསན་བཞིན་པའི་ཚུལ་རེད། ཀྲིན་ཧྲོའོ་ཡིས་པར་བླངས།

ཤེས་རྟོགས་བྱུང་བ་ལྟར་ན། སྐུ་གདུང་མཆོད་རྟེན་དཀར་པོ་ནི་ཆན་ལུང་ཁྲི་ལོ་བཞི་བཅུ་ཞེ་བདུན་པ་(1782ལོ)ལོར་བཞེངས་པ་དང་། གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་རྗེས་བླ་མེད་ལ་དྲན་གསོ་ཞུ་ཆེད་བཞེངས་པ་ཞིག་ཡིན་ཞིང་། མཆོད་རྟེན་གྱི་རྟེན་དུ་པན་ཆེན་སྐུ་ཕྲེང་དྲུག་པའི་ན་བཟའ་དང་བཀའ་ཆོས་སོགས་བཞུགས།

    ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཆེད་དུ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་མཐོ་རིམ་གྲྭ་བཙུན་རྣམ་གྱི་གསོ་སྦྱོང་བྱེད་གནས་ཡིན། 1987ལོའི་ཟླ9པའི་ཚེས1ཉིན། པེ་ཅིང་དགོན་སེར་ནུབ་མ་གསར་དུ་བཞེངས་ཤིང་། བོད་བརྒྱུད་ནང་བསྟན་གྱི་རིམ་པ་མཐོ་ཤོས་ཀྱི་སློབ་གྲྭ་ཞིག་ཡིན།

3.jpg

པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་འགྲེམས་སྟོན་འབྲེལ་ཡོད་ཀྱི་དཔེ་དེབ་ལ་གཟིགས་བཞིན་པའི་ཚུལ་རེད། ཀྲིན་ཧྲོའོ་ཡིས་པར་བླངས། 

   པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་“ས་སྐྱ་པཎྜི་ཏས་ལང་ཀྲུ(凉州)རུ་གྲོས་མོལ་”མཛད་པའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ནས། བོད་སོག་མི་རིགས་ཀྱིས་ཐུན་མོང་ཐོག་མེས་རྒྱལ་ཞི་བས་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་བ་འཕེལ་རྒྱས་ཕྱིན་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཤེས་རྟོགས་གནང་། སྤྱི་ལོ1247ལོར། བོད་ལྗོངས་ས་ཁུལ་གྱི་ཆོས་ལུགས་གཙོ་འཛིན་ས་སྐྱ་པཎྜི་ཏས་བོད་ས་གནས་ཀྱི་ཚབ་བྱས་པ་དང་། སོག་པོའི་རྒྱལ་སྲས་འོད་ཆེན་གོ་དན་གྱིས་མོང་གོལ་ཧན་གྱི་ཚབ་ཞུས་ནས་དེང་གི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་(武威)གྲོང་ཁྱེར་དུ་སྐད་གྲགས་ཆེ་བའི“ལང་ཀྲུ་གྲོས་མོལ་”མཛད་པ་མ་ཟད། ས་སྐྱ་པཎྜི་ཏས་《དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པའི་འཕྲིན་ཡིག》ཁྱབ་བསྒྲགས་བྱས་ཏེ། བོད་ལྗོངས་དངོས་སུ་མེས་རྒྱལ་གྱི་མངའ་ཁོངས་སུ་བཅུག་ནས། ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་ཤིག་ཏུ་གྱུར། འདི་ནི་བོད་ལྗོངས་ས་ཁུལ་དང་མེས་རྒྱལ་བར་གྱི་འབྲེལ་བ་འཕེལ་རྒྱས་ཕྱིན་པའིདོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་རྡོ་རིང་གལ་ཆེན་ཞིག་ཡིན།

4.jpg

པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་“པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་དང་དགོན་སེར་ནུབ་མར་”གཟིགས་ཞིབ་གནང་བའི་ཚུལ་རེད། ཀྲིན་ཧྲོའོ་ཡིས་པར་བླངས། 

    པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་“པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་དང་དགོན་སེར་ནུབ་མའི་”འགྲེམས་སྟོན་ལ་གཟིགས་ཞིབ་གནང་། འགྲེམས་སྟོན་འདི་ལས་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་གིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་། ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་བཀག་འགོག་མཛད་པ་བཅས་ཀྱི་མཛད་རྗེས་ངོ་སྤྲོད་བྱས་ཡོད། 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་“བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལམ་ལུགས་”འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་མ་ཟད། མཐོ་རིམ་མཚན་གནས་ལམ་ལུགས་སྤྲོད་ལུགས་ལ་ཞིབ་ཕྲའི་ཤེས་རྟོགས་གནང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་བོད་བརྒྱུད་ནང་བསྟན་གྱི་རིམ་པ་མཐོ་ཤོས་ཀྱི་“མཐོ་རམས་པའི་”མཚན་གནས་གསོ་སྦྱོང་དང་མཚན་གནས་སྤྲོད་པའི་ལས་ཁུངས་གཅིག་པུ་ཡིན་པས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེ་ཁག་གི་མཐོ་རིམ་མཚན་གནས་གསོ་སྦྱོང་དང་སློབ་གསོ་བྱེད་གནས་གཙོ་བོ་ཡིན། 

6.jpg

པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས“བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལམ་ལུགས་”འགྲེམས་སྟོན་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།  ཀྲིན་ཧྲོའོ་ཡིས་པར་བླངས།

0000.jpg

        པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་“རྒྱལ་གཅེས་མཁན་དགེ་བཤེས་ཤེས་རབ་རྒྱ་མཚོའི་”རྒྱལ་གཅེས་ཆོས་གཅེས་ཀྱི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བའི་ཚུལ་རེད། ཀྲིན་ཧྲོའོ་ཡིས་པར་བླངས།    

7.jpg

པར་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས“གསེར་བུམ་དཀྲུགས་པའི”འབྲེལ་ཡོད་ལོ་རྒྱུས་འགྲེམས་སྟོན་ཁུལ་དུ་གཟིགས་ཞིབ་གནང་པའི་ཚུལ་རེད། ཀྲིན་ཧྲོའོ་ཡིས་པར་བླངས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།