ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆེས་མཛེས་པའི་འབད་འཐབ་པའི་དཔྱད་འདེམ་གཟེངས་བསྟོད་དང་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེས་མཛེས་པའི་འབད་འཐབ་པའི་དཔྱད་འདེམ་གཟེངས་བསྟོད་དང་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། སྐུ་གཤེགས་པའི་ཆེས་མཛེས་པའི་འབད་འཐབ་པར་དྲན་གསོ་བྱས་ཤིང་། གཟེངས་བསྟོད་ཐོབ་པའི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཆེས་མཛེས་པའི་འབད་འཐབ་པའི་གཉེན་ཉེ་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ཀྱིས་རྩ་འཛུགས་བྱས་ཏེ་ཆེས་མཛེས་པའི་འབད་འཐབ་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་བྱུང་བའི་དཔའ་བོ་དཔེ་ལེགས་ཅན་ལ་དཔྱད་འདེམ་དང་གཟེངས་བསྟོད་བྱེད་པ་དེ་དཔའ་བོའི་བྱས་རྗེས་ལ་སློབ་སྦྱོང་བྱེད་པ་དང་དུས་རབས་ཀྱི་མི་གསར་བ་གསོ་སྐྱོང་བྱེད་པ། དུས་རབས་གསར་བའི་རྒྱང་སྐྱོད་ལམ་དུ་ལེགས་པར་སྐྱོད་པར་དོན་སྙིང་གལ་ཆེན་ལྡན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།