ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཛེས་པའི་འབད་འཐབ་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས25ཉིན་གྱི་སྔ་དྲོར། ཆེས་མཛེས་པའི་འབད་འཐབ་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཐོབ་པའི་མི་སྣ་དང་གཉེན་ཉེ་ཡི་འཐུས་མི་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་ལ་ཐུག་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྒྲོག་འདོན་བྱས།

གཟེངས་བསྟོད་ཚོགས་ཆེན་སྟེང་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས་ཏེ། ཀྲང་ཧྥུའུ་ཆིན་སོགས་མི་ཉིས་བརྒྱ་དང་དོན་བརྒྱད་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་རྒྱལ་གཅེས་འབད་འཐབ་སྔོན་ཐོན་ཚོགས་པ་སོགས་ཐུན་མོང་ཉེར་གཉིས་ལ་ཆེས་མཛེས་པའི་འབད་འཐབ་པའི་གཟི་བརྗིད་མཚན་སྙན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མེའོ་ཧྭ་སོགས་ཐུག་འཕྲད་ལ་ཞུགས།

ཆེས་མཛེས་པའི་འབད་འཐབ་མཁན་གྱི་གཟེངས་བསྟོད་ཐོབ་པའི་མི་སྣ་དང་སྐུ་གཤེགས་པའི་ཆེས་མཛེས་པའི་འབད་འཐབ་པའི་གཟེངས་བསྟོད་ཐོབ་པའི་མི་སྣའི་གཉེན་ཉེ་ཡི་འཐུས་མི། ཀྲུང་དབྱང་དྲིལ་སྒྲོག་བསམ་བློ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། རྒྱལ་སའི་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།