ཞི་ཅིན་ཕིང་གིས་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་དངོས་སུ་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བའི་སྐབས་འདུར། པེ་ཅིང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཚེས25ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་མ་ཟད་གནམ་གྲུ་ཐང་དངོས་སུ་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། གནམ་གྲུ་ས་ཚུགས་ཀྱི་ཐོག་ཁང་ལ་གཟིགས་ཞིབ་བྱས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གནམ་གྲུ་ཐང་འཛུགས་སྐྲུན་དང་བདག་གཉེར་ནང་ཞུགས་མཁན་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

1.jpg

ཟླ9པའི་ཚེས25ཉིན་གྱི་སྔ་དྲོར། པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོ་སྟེང་ཞུགས་པ་མ་ཟད་གནམ་གྲུ་ཐང་དངོས་སུ་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། གནམ་གྲུ་ས་ཚུགས་ཀྱི་ཐོག་ཁང་ལ་གཟིགས་ཞིབ་གནང་།

 ཞི་ཅིན་ཕིང་གིས་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་ལོ5ཡིས་དུས་ཡུན་ནང་འཆར་འགོད་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ནས་བདེ་བླག་ངང་སྐྱེལ་འདྲེན་སྤྱོད་འགོ་ཚུགས་ཐུབ་པ་ནི་ཀྲུང་གོའི་བཟོ་སྐྲུན་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་མངོན་པ་དང་། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་མངོན་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་ནུས་སྟོབས་མངོན་ཡོད་པ་རེད། ཀྲུང་གོ་གསར་པའི་ལོ་ངོ70ནི་ཅི་འདྲིའི་འོད་སྟོང་འབར་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྒྲུབ་དཀའ་བའི་བྱ་གཞག་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་མངོན་འགྱུར་བྱས་པ་དང་། ཡིད་ཆེས་དཀའ་བའི་བྱས་རྗེས་ངོ་མཚར་ཅན་གཅིག་རྗེས་གཉིས་མཐུད་དུ་གསར་སྐྲུན་བྱས་ཡོད། བྱས་རྗེས་ངོ་མཚར་ཅན་ནི་བསྒྲུབས་ནས་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ནི་བསྒྲུབས་ནས་བྱུང་བ་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་མུ་མཐུད་དུ་འབད་པ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་ཐག་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ཏེ་མདུན་སྐྱོད་བྱེད་ཐུབ་པར་དཔའ་སེམས་དང་ཡིད་ཆེས་ཀྱིས་གཏམས་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱིས་སྒྲུབ་ཐུབ་ངེས་པ་དང་ཀྲུང་གོས་སྒྲུབ་ཐུབ་ངེས་ཁོ་ཐག་ཡིན་པ་ར་སྤྲོད་བྱས་ཡོད།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོནའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ་བ་རེད།

2.jpg

ཟླ9པའི་ཚེས25ཉིན་གྱི་སྔ་དྲོར། པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོ་སྟེང་ཞུགས་པ་མ་ཟད་གནམ་གྲུ་ཐང་དངོས་སུ་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པར་ཁྱབ་བསྒྲགས་བྱས་པ་དང་།གནམ་གྲུ་ས་ཚུགས་ཀྱི་ཐོག་ཁང་ལ་གཟིགས་ཞིབ་གནང་། 

3.jpg

4.jpg

  འདི་ནི་ཞི་ཅིན་ཕིང་གིས་ལྕགས་ལམ་མེ་འཁོར་ལ་བཞུགས་ཏེ་པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཕེབས་བཞིན་པ།

5.jpg

འདི་ནི་ཞི་ཅིན་ཕིང་གིས་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སུ་གནམ་གྲུ་ཐང་གི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་ལ་ཉན་བཞིན་པ།

6.jpg

འདི་ནི་ཞི་ཅིན་ཕིང་སོགས་མཛད་སྒོར་ཕེབས་བཞིན་པ།

7.jpg

ཟླ9པའི་ཚེས25ཉིན་གྱི་སྔ་དྲོར། པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོ་སྟེང་ཞུགས་པ་མ་ཟད་གནམ་གྲུ་ཐང་དངོས་སུ་སྐྱེལ་འདྲེན་སྤྱོད་འགོ་ཚུགས་པར་ཁྱབ་བསྒྲགས་བྱས་པ་དང་།གནམ་གྲུ་ས་ཚུགས་ཀྱི་ཐོག་ཁང་ལ་གཟིགས་ཞིབ་གནང་། 

8.jpg

 འདི་ནི་ཞི་ཅིན་ཕིང་གིས་གནམ་གྲུ་ཐང་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་མཁན་གྱི་ལས་དོན་མི་སྣའི་འཐུས་མིར་འཚམས་འདྲིར་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

9.jpg

འདི་ནི་ཞི་ཅིན་ཕིང་གིས་གནམ་གྲུ་ཐང་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་མཁན་གྱི་ལས་དོན་མི་སྣའི་འཐུས་མིར་འཚམས་འདྲིར་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

10.jpg

འདི་ནི་ཞི་ཅིན་ཕིང་གིས་གནམ་གྲུ་ཐང་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་མཁན་གྱི་ལས་དོན་མི་སྣའི་འཐུས་མིར་འཚམས་འདྲིར་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

11.jpg

འདི་ནི་ཞི་ཅིན་ཕིང་གིས་གནམ་གྲུ་ཐང་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་མཁན་གྱི་ལས་དོན་མི་སྣའི་འཐུས་མིར་འཚམས་འདྲིར་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ། 

ཤེས་གསལ་ལྟར་ན། 2014ལོའི་ཟླ12པར་པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་སྐྲུན་འགོ་ཚུགས་ཤིང་། ཐེངས་འདིའི་ལས་གཞི་གཙོ་བོ་ནི“གཞུང་གསུམ་འཕྲེད་གཅིག”གི་རྒྱུག་ལམ4དང་སྨི་གྲུ་བཞི་མ་ཁྲི70ཟིན་པའི་གནམ་གྲུ་ས་ཚུགས་ཀྱི་ཐོག་ཁང་དང་། གནམ་གྲུའི་འདུག་གནས་ཀྱི་འབབ་སྟེགས268དང་འབྲེལ་ཡོད་ཀྱི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱས། 2018ལོའི་ཟླ12པར་འཕུར་སྐྱོད་ཁུལ4ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་དང་འཕུར་སྐྱོད་ཞིབ་བཤེར་ལས་དོན2019ལོའི་ཟླ2པར་ལེགས་གྲུབ་བྱུང་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།