ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས24ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་བསྡུས་ཏེ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱི་འགན་འཁུར་བས་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ལ་ལོ་ངོ་བདུན་ཅུའི་རིང་ལ་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་མཚམས་སྦྱོར་བྱས།

ལོ་ངོ་བདུན་ཅུའི་རིང་ལ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་། གཅིག་དགུ་ང་གཉིས་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་དུ་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་ཐོན་རིན་དེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་བདུན་དུང་ཕྱུར་དགུ་ལྷག་ནས་སྒོར་དུང་ཕྱུར་འབུམ་དགུ་ལྷག་ལ་མཐོར་འདེགས་བྱུང་བ་དང་དོན་དངོས་སུ་ལྡབ་བརྒྱ་དང་དོན་བཞི་འཕར་སྣོན་བྱུང་། མི་རེར་ཆ་སྙོམས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་ཡོང་སྒོ་སྒོར་བརྒྱ་དང་བཅུ་དགུ་ནས་སྒོར་ཁྲི་དྲུག་དང་སྟོང་བཞི་ལྷག་ལ་མཐོར་འདེགས་བྱུང་བ་དང་དོན་དངོས་སུ་ལྡབ་བདུན་ཅུ་འཕར་སྣོན་བྱུང་།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུའི་རིང་ལ། རྒྱལ་ཁབ་ཀྱི་ནོར་སྲིད་སྟོབས་ཤུགས་ཇེ་ཆེར་སོང་ཞིང་སྤྱི་ཐུན་ནོར་སྲིད་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་བ་དང་། ནོར་སྲིད་སྲིད་ཇུས་ཀྱི་འགན་ནུས་རྒྱུན་མཐུད་སྒོས་ཇེ་ཆེར་གྱུར་བར་མ་ཟད་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།