ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ལོ་ཧྲིལ་པོར་དངུལ་སྨར་ཞལ་འདེབས་འབུལ་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་གཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧྲེན་ཀྲེན་གྱི་དགེ་སྒྲུབ་འགྲེམས་ཚོགས་སྐབས་བདུན་པའི་ཐོག《2018ལོ་འཁོར་གྱི་ཀྲུང་གོའི་དགེ་སྒྲུབ་རོགས་སྐྱོར་སྙན་ཞུ》ཡོངས་བསྒྲགས་བྱས་ཤིང་། 《སྙན་ཞུའི》ནང་2018ལོར་ཀྲུང་གོའི་སྐམ་ས་ཆེ་མོས་རྒྱལ་ཁབ་ཕྱི་ནང་གི་དངུལ་དང་དངོས་པོ་ཞལ་འདེབས་མི་དམངས་ཤོག་སྒོར་དུང་ཕྱུར་1624.15དང་ལེན་བྱས་པའི་ནང་རང་རྒྱལ་གྱི་ནང་སས་ལོ་ཧྲིལ་པོར་སྒོར་དུང་ཕྱུར་1439.15ཞལ་འདེབས་ཕུལ་ཡོད་པ་རེད། སྐྲན་ནད་སྔོན་འགོག་གི་སྨན་ཞལ་འདེབས་འབུལ་ཚད་ཉུང་དུ་ཕྱིན་པ་དང་། རང་རྒྱལ་གྱི་ནང་སས་ཞལ་འདེབས་འབུལ་ཚད་བསྡོམས་འབོར་2017ལོ་ལས་4.05%དམའ་རུ་ཕྱིན་པ་དང་ཞལ་འདེབས་འབུལ་ཚད་ཀྱིས་GDPབསྡོམས་འབོར་གྱི་བསྡུར་ཚད་0.16%ཟིན་པ། མི་རེས་ཆ་སྙོམས་སྒོར་103.14ཞལ་འདེབས་ཕུལ་ཡོད། འོན་ཀྱང་དངུལ་སྨར་ཞལ་འདེབས་འབུལ་ཚད་བསྡོམས་འབོར་སྒོར་དུང་ཕྱུར་1000ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་བཏོད་པ་མངོན་ཡོད།

སྙན་ཞུར་གཞིགས་ན། 2018ལོར་ནང་སས་ཞལ་འདེབས་སྒོར་དུང་ཕྱུར་1338.33དང་ལེན་བྱས་པ་དེ་2017ལོའི་སྒོར་དུང་ཕྱུར་1288.87ལས་3.84%འཕར་ཏེ་སྔར་བཞིན་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

གྲངས་གཞི་ལས་མངོན་པར། 2018ལོར་རང་རྒྱལ་སྤྱི་ཚོགས་ཀྱི་ཞལ་འདེབས་གཙོ་བོ་སློབ་གསོ་དང་། དབུལ་སྐྱོར་དང་འཕེལ་རྒྱས། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་3ལ་འབུལ་གྱི་ཡོད་པ་དེས་ཞལ་འདེབས་འབུལ་བའི་བསྡོམས་འབོར་གྱི་བསྡུར་ཚད་29.4%དང་། 24.72% 20.44%སོ་སོར་ཟིན་ནས་བསྡོམས་འབོར་གྱི་བཅུ་ཆ་བདུན་ཡན་ལས་བརྒལ་ཡོད།

《སྙན་ཞུའི》ནང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་པོའི་ཞལ་འདེབས་ཕུལ་བའི་གྲངས་གཞི་བསྡུ་རུབ་དང་ཡོངས་བསྒྲགས་ཀྱི་ཁྱབ་ཁོངས་སུ་ཐེངས་དང་པོར་བཅུག་ཡོད། བསྡོམས་རྩིས་བརྒྱུད། 2018ལོར་ཤང་ཀང་གི་དགེ་སྒྲུབ་ཞལ་འདེབས་བསྡོམས་འབོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་160དང་། ཨའོ་མོན་གྱི་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་25ཟིན་ནས་ས་གནས་གཉིས་པོའི་མི་རེས་ཆ་སྙོམས་ཞལ་འདེབས་འབུལ་ཚད་སྒོར་2147དང་སྒོར་3746སོ་སོར་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།