ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་བརྒྱད་ཀྱིས་བཀོད་སྒྲིག་བྱས་ཏེ་སྟོན་འབྲུ་ཉོ་སྒྲུབ་ཀྱི་འགོ་ཡག་པོ་འཛུགས་རྒྱུར་འགན་ལེན་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུས་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་ད་ལོའི་སྟོན་འབྲུ་ཉོ་སྒྲུབ་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

སྟོན་འབྲུ་ཡིས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ཀྱི་བཅུ་ཆ་བདུན་ཡན་ཟིན་པ་དང་སྣ་ཁ་མང་ལ་ས་ཁོངས་ཁྱབ་རྒྱ་ཆེ་ཞིང་། ཉོ་སྒྲུབ་དུས་ཚོད་ཀྱི་བར་ཐག་རིང་བ་དང་ལས་འགན་ལྕི་པོ་ཡོད། དེང་སྐབས་སྟོན་འབྲུ་སྨིན་ཚུལ་སྤྱིར་ན་ལེགས་པ་མ་ཟད་སླར་ཡང་ལོ་ལེགས་འབྱུང་རེའང་ཡོད། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ས་གནས་ཁག་གིས་ལྟ་སྐུལ་ཚད་ལེན་གྱི་དབྱེ་ཞིབ་དང་དུས་བབ་བརྡར་གཅོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་འབྲུ་རིགས་ཉོ་སྒྲུབ་ཀྱི་མ་དངུལ་དང་། འབྲུ་མཛོད། དབོར་ཤུགས་སོགས་ཀྱི་འགན་སྲུང་བྱེད་ཐབས་གང་མྱུར་མཐུན་སྦྱོར་དོན་འཁྱོལ་དང་། ཉོ་སྒྲུབ་ཀྱི་བྱེད་པོ་སྣ་ཚོགས་ལ་སྔ་སྣུར་དུ་འབྲུ་རིགས་བསྡུ་ཡུལ་དང་། ཡོ་བྱད་ལག་ཆ། མི་སྣ་གསོ་སྦྱོང་སོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་པར་མཛུབ་ཁྲིད། གྲ་སྒྲིག་གང་ལེགས་བཅས་བྱས་ནས་སྟོན་འབྲུ་ཉོ་སྒྲུབ་ཀྱི་འགོ་ཡག་པོ་འཛུགས་པར་འགན་ལེན་བྱེད་དགོས་ཞེས་བརྗོད།

རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་ནི་བཟའ་འབྲུ་བདེ་འཇགས་ལ་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཁྲོམ་ར་ཅན་གྱི་ཉོ་སྒྲུབ་ལ་དམ་འཛིན་བྱེད་པ་དང་དུས་མཚུངས། འབྲེལ་ཡོད་ཀྱི་ཉོ་སྒྲུབ་བྱེད་པོས་སྲིད་ཇུས་ཀྱི་ལག་བསྟར་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། 《གྲོ་དང་འབྲས་སོབ་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ལག་བསྟར་གྱི་སྔོན་ཇུས》ཀྱི་གཏན་འབེབས་ཁག་ལྟར་སྔ་སྣུར་དུ་མཛོད་ཁང་གཏན་འཁེལ་བྱེད་པ་དང་། ཉོ་སྒྲུབ་དྲ་གནས་ལུགས་མཐུན་ངང་འཛུགས་པ། གཙོ་གནད་ས་ཁུལ་དང་འགག་རྩའི་དུས་མཚམས་སུ་སྤྱི་ཚོགས་ཀྱི་འབྲུ་མཛོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འོས་འཚམ་ངང་མཛོད་ཁང་མང་དུ་གཏོང་བ་བཅས་བྱས་ཏེ་དུས་ཐོག་ཏུ་འབྲུ་རིགས་བསྡུས་ནས་ཞིང་པའི་འབྲུ་འཚོང་དགོས་མཁོ་སྐོང་དགོས། སྟོན་འབྲུ་ཉོ་སྒྲུབ་ལས་ཀའི་དུས་ཡུན་རིང་བ་དང་ཉོ་སྒྲུབ་འབོར་ཚད་ཆེ་བར་བརྟེན་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་སྡེ་ཚན་གྱིས་ཉོ་སྒྲུབ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཉོ་སྒྲུབ་ཁྲོམ་རའི་སྒྲིག་སྲོལ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཞིང་པའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་མི་ཐེབས་པའི་འགན་སྲུང་བྱེད་དགོས་ཞེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།