ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་ལ་གྱུར་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  “རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོན་ལས་རིགས་དབྱེའི་ཁྲོད་ཀྱི་བཟོ་ལས་རྣམ་གྲངས་ཡོད་ཚད་ལྡན་པའི་རྒྱལ་ཁབ་འབའ་ཞིག་ལ་གྱུར་པ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་1952ལོའི་སྒོར་དུང་ཕྱུར་120ནས་2018ལོའི་སྒོར་དུང་ཕྱུར་ཁྲི་30ལྷག་ཙམ་བར་འཕར་བ་དང་། འགྱུར་མེད་རིན་གོང་ལྟར་བརྩིས་ན་ལྡབ་971འཕར་ནས་ལོ་རེར་ཆ་སྙོམས་11%འཕར་ཡོད”ཅེས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་མིའོ་ཝུའེ་ཡིས་ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་བཤད་པ་དང་། ཁོང་གིས་ལོ་ངོ་70ཡི་རིང་། རང་རྒྱལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པར་གྲུབ་འབྲས་ཐོབ་པའི་སྒོ་ནས་བསྐྱོད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལོ་བརྒྱ་ཕྲག་ཁ་ཤས་རིང་གི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུར་བསྐྱོད་པ། མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་བྱས་རྗེས་ངོ་མཚར་ཅན་ཞིག་བཏོད་ཡོད་ཅེས་བརྗོད།

“ལོ་ངོ་70ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་ལ་གྱུར་ནས་རང་རྒྱལ་གྱི་ཕྱོགས་བསྡུས་དངོས་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཧ་ཅང་ཆེ་རུ་ཕྱིན་ཡོད”1992ལོར་རང་རྒྱལ་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི་གཅིག་གི་འགག་སྒོ་ཆེ་མོ་ལས་བརྒལ་བ་དང་། 2007ལོར་སྒོར་དུང་ཕྱུར་ཁྲི་10ཡི་འགག་སྒོ་ཆེ་མོ་ལས་བརྒལ་བ། 2012ལོར་སྒོར་དུང་ཕྱུར་ཁྲི་20ལས་བརྒལ་བ། 2018ལོར་སྒོར་དུང་ཕྱུར་ཁྲི་30ལ་བརྒལ་ཡོད། འཛམ་གླིང་དངུལ་ཁང་གི་གྲངས་གཞི་གཞིར་བཟུང་། 2010ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ཨ་རི་ལས་བརྒལ་ནས་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་སྟོབས་ཆེན་ལ་གྱུར་པ་དང། 2018ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མས་འཛམ་གླིང་ཡོངས་ཀྱི་སྐལ་གྲངས་ཀྱི་28%ཡན་བཟུང་ནས་གོ་ལ་ཧྲིལ་པོའི་བཟོ་ལས་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་གལ་ཆེན་ཞིག་ལ་གྱུར་ཡོད། འཛམ་གླིང་གི་བཟོ་ལས་ཐོན་རྫས་གལ་ཆེན་500ལྷག་ཙམ་ལས་ཀྲུང་གོའི་ཐོན་རྫས་ཀྱིས་220ལྷག་ཙམ་བཟུང་ནས་འཛམ་གླིང་གི་ཨང་དང་པོར་བསླེབས་ཡོད།

“ལོ་ངོ་70ཡི་རིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཆ་འཕྲིན་འཕྲིན་གཏོང་དྲ་བ་བསྐྲུན་ཡོད”མིའོ་ཝུའེ་ཡིས་རང་རྒྱལ་གྱི་མི་འབོར་གྱིས་འཛམ་གླིང་གི་མི་འབོར་བསྡོམས་འབོར་གྱི་ལྔ་ཆ་གཅིག་བཟུང་ཡོད། འོན་ཀྱང་4Gསྦྲེལ་ཚུགས་ཀྱི་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་4Gསྦྲེལ་ཚུགས་གྲངས་འབོར་གྱི་ཕྱེད་ཀ་ཡན་བཟུང་ནས་ཆ་སྙོམས་མི་རེས་སྤྱོད་པའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་དེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཧ་ཅང་མཐོ་བ་ཡོད། རང་རྒྱལ་གྱི་འོད་འཁྲིད་ཚི་སྐུད་ཀྱི་རིང་ཚད་སྤྱི་ལེ་ཁྲི་4500ལས་བརྒལ་བ་དང་། ཁ་པར་སྤྱོད་མཁན་དུད་ཚང་དུང་ཕྱུར་17ཟིན་པ། དྲ་སྦྲེལ་དྲ་ཆེན་དུད་ཚང་ལ་འཁྲིད་ཚད་དུད་ཚང་དུང་ཕྱུར་4.4དང་དྲ་དམངས་དུང་ཕྱུར་8.54ཟིན་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།