བློ་མཐུན་དབྱེ་ཞོན་ཕེན་གྱི་བེམ་པོ་ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་གྱི་པུར་འཇུག་ཁང་ནས་སྦྱིན་བསྲེགས་བྱས།

1.jpg


ཟླ་དགུ་བའི་ཚེས་ཉེར་གསུམ། བློ་མཐུན་དབྱེ་ཞོན་ཕེན་གྱི་བེམ་པོ་ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་གྱི་པུར་འཇུག་ཁང་ནས་སྦྱིན་བསྲེགས་བྱས། ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སོགས་ཆེད་དུ་ཀོང་ཀྲིག་གྲོང་ཁྱེར་པུར་འཇུག་ཁང་དུ་སོང་ནས་བློ་མཐུན་དབྱེ་ཞོན་ཕེན་ལ་སྐྱེལ་མ་མཛད་པར་མ་ཟད་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། རང་རྒྱལ་དཔལ་འབྱོར་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བདུན་པ་དང་བརྒྱད་པ། དགུ་བ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བློ་མཐུན་དབྱེ་ཞོན་ཕེན་གྱི་བེམ་པོ་ཚེས་ཉེར་གསུམ་ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་གྱི་པུར་འཇུག་ཁང་ནས་སྦྱིན་བསྲེགས་བྱས། བློ་མཐུན་དབྱེ་ཞོན་ཕེན་ལ་སྙུང་གཞི་ཕོག་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན་གྱི་ཆུ་ཚོད་བཅུ་བདུན་དང་སྐར་མ་ལྔ་བཅུའི་སྟེང་ཀོང་ཏུང་ནས་སྐུ་གཤེགས་པ་དང་ད་ལོ་དགུང་ལོ་གོ་ལྔ་རེད།

བློ་མཐུན་དབྱེ་ཞོན་ཕེན་ལ་སྙུང་གཞི་ལྗིད་མོ་ཕོག་པའི་སྐབས་དང་ཚེ་ལས་འདས་རྗེས་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་ཡོང་བའམ་ཡང་ན་བྱེད་ཐབས་གཞན་པ་བརྒྱུད་ནས་བློ་མཐུན་དབྱེ་ཞོན་ཕེན་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་དང་ཁྱིམ་མི་ཡོངས་ལ་བརྩེ་བའི་འཚམས་འདྲི་ཞུས།

ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སོགས་ཚེས་ཉེར་གསུམ་ཉིན་ཆེད་དུ་ཀོང་ཀྲིག་གྲོང་ཁྱེར་པུར་འཇུག་ཁང་དུ་སོང་ནས་བློ་མཐུན་དབྱེ་ཞོན་ཕེན་ལ་སྐྱེལ་མ་མཛད་པར་མ་ཟད་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་དབྱེ་ཞོན་ཕེན་གྱི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་ཞུས་པའི་འཚམས་འདྲི་བརྒྱུད་བསྒྲགས་ཞུས།

ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་ཀྱི་སྡེ་ཁག་དང་ཀོང་ཏུང་ཞིང་ཆེན་གྱི་འགན་ཁུར་བློ་མཐུན། བློ་མཐུན་དབྱེ་ཞོན་ཕེན་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་བཅས་ཀྱིས་ཁོང་ལ་སྐྱེལ་མ་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།