ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨ་སེ་པད་ཅང་ལ་དངོས་གཞི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཨ་སེ་པད་ཅང་གི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་སཱ་ཏའོ་ཧྥུའུ་ཡིས་གདན་འདྲེན་ཞུ་བ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུང་ལིས་ཀྲན་ཧྲུའུ་ཡིས་ཨ་སེ་པད་ཅང་ལ་དངོས་གཞི་མཛའ་བརྩེའི་འཚམས་འདྲི་མཛད། པར་འདི་ནི་ལིས་ཀྲན་ཧྲུའུ་ཡིས་པ་ཁུའུ་ནས་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གཞང་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པད་ཅང་གི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་སཱ་ཏའོ་ཧྥུའུ་ཡིས་གདན་འདྲེན་ཞུ་བ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཨ་སེ་པད་ཅང་ལ་དངོས་གཞི་མཛའ་བརྩེའི་འཚམས་འདྲི་མཛད་པ་མ་ཟད། པ་ཁུའུ་ནས་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་བ་དང་། ཨ་སཱ་ཏའོ་ཧྥུའུ་དང་གྲོས་མོལ་མཛད་ལ། ཙུང་ལི་མཱ་མེ་ཏའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་འཁོར་བདུན་ཅུའི་རིང་གི་རླབས་ཆེན་གྱི་གྲུབ་འབྲས་ངོ་སྤྲོད་བྱས། ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་བྱས་པས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བཏོད། ད་ལྟ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་ཀྱིན་པའི་སྒང་ཡིན། ཀྲུང་གོས་ཨ་སེ་པད་ཅང་ཡོ་རོབ་གླིང་དང་ཨེ་ཡ་ཤ་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩི་བཞིན་ཡོད་ལ། ཨ་སེ་པད་ཅང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་འཆར་འགོད་བྱས་པའི་ཀྲུང་གོ་དང་ཨ་སེ་པད་ཅང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཆར་གཞི་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་རང་རྟོན་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཡོད་ཟེར། ཨ་ལིས་ཡེ་ཧྥུའུ་ཡིས་ལིས་ཀྲན་ཧྲུའུ་ཡིས་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསྐུར་བའི་སྨོན་འདུན་བརྒྱུད་སྤྲོད་བྱེད་རྒྱུའི་རེ་བ་བཏོན། ཁོས་བཤད་རྒྱུར། ངས་ཐེངས་མང་པོར་ཀྲུང་གོར་འཚམས་འདྲི་བྱས་མྱོང་བ་དང་། ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་དང་འགྱུར་ལྡོག་ཆེན་པོ་དངོས་སུ་མཐོང་མྱོང་ལ། ངས་སེམས་གཏིང་ནས་བརྩི་འཇོག་ཡིད་སྨོན་བྱེད་ཀྱིན་ཡོད། ཨ་སེ་པད་ཅང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་མགྱོགས་ལ། མདུན་ལྗོངས་རྒྱ་ཆེ། ཨ་སེ་པད་ཅང་གིས་མཐའ་གཅིག་ཏུ་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་སྟོབས་ཤུགས་གསུམ་ལ་རྡུང་རྡེག་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

འཚམས་འདྲི་སྐབས་སུ། ལིས་ཀྲན་ཧྲུའུ་ཡིས་ད་དུང་ཀའེ་ཏ་ཨེར.ཨ་ལིས་ཡེ་ཧྥུའུ་ལྟེ་གནས་དང་ས་གདན་རྟེན་མཛོད་གླིང་ལ་གཟིགས་སྐོར་མཛད་པ་དང་། ཙུང་ཐུང་ཀའེ་ཏ་ཨེར.ཨ་ལིས་ཡེ་ཧྥུའུ་ཡི་བང་སོའི་མདུན་དུ་མེ་ཏོག་ཕྲེང་བ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།