ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་ཚོགས་སྐབས་བཅུ་དྲུག་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་ཚོགས་སྐབས་བཅུ་དྲུག་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཀོང་ཞི་ནན་ཉིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་ཚོགས་སྐབས་བཅུ་དྲུག་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཀོང་ཞི་ནན་ཉིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷའི་མནའ་འབྲེལ་རྒྱལ་ཁབ་ནི་རི་ཆུ་གཅིག་ཏུ་འདྲེས་ཤིང་མི་གཞུང་བརྗེ་རེས་ཧ་ཅང་ཟབ་ལ། མཛའ་བརྩེ་འགྲོ་འོང་གི་རྒྱུན་ཧ་ཅང་རིང་། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱིས་འཐབ་ཇུས་རང་རྟོན་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཆུ་ཚད་གསར་བ་ཞིག་སླེབས་ལ། མི་གཞུང་བརྗེ་རེས་ཐད་ནས་རྣམ་པ་གསར་བ་གྲུབ་ཡོད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་གསར་བར་སླེབས་ཡོད་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་ནམ་ཡང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་གྱི་ཕྱི་འབྲེལ་ཁ་ཕྱོགས་ལེགས་པོ་རུ་བརྩི་བཞིན་ཡོད་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཛའ་བརྩེའི་མཉམ་ལས་མཐའ་གཅིག་ཏུ་འཕེལ་རྒྱས་སུ་བཏང་། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། འབྲེལ་བ་སྔར་ལས་ཟབ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད། གཅིག་ནས་འཐབ་ཇུས་སྦྲེལ་མཐུན་གཏིང་ཟབ་ཏུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་གཞི་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་འབྲེལ་མཉམ་མཐུད་ཀྱི2025ལོའི་སྤྱི་ཁོག་གི་འཆར་འགོད་ཀྱི་སྦྲེལ་མཐུད་མཉམ་ལས་སྤེལ་དགོས། གཉིས་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ཁུལ་རིམ་སྤོར་བྱེད་པའི་གྲོས་མཐུན་ཡི་གེ་ལག་བསྟར་བྱེད་དགོས། གསུམ་ནས་མཉམ་འབྲེལ་མཉམ་དུ་གཏིང་ཟབ་ཏུ་སྤེལ་ནས། རྨང་གཞི་སྒྲིག་ཆས་མཉམ་ལས་བརྟན་བརླིང་ངང་སྤེལ་བ་དང་། སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་དགོས། བཞི་ནས་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། གློག་རྡུལ་ཚོང་དོན་དང་གྲངས་ཀའི་ཉོ་ཚོང་། དྲ་རྒྱ། རིག་སྟོབས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དགོས། ལྔ་ནས་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། རྒྱ་མཚོ་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི། འབར་མའི་ཙུང་ཐུང་གཞོན་པ་མེན་རོས། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧོང་། ལའོ་ཝུའོ་ཡི་ཙུང་ལི་གཞོན་པ་སུང་སའེ། ཐེ་གོའི་ཙུང་ལི་གཞོན་པ་དང་ཚོང་དོན་པུའུ་ཡི་པུའུ་ཀྲང་ཀྲུའུ་ལེན། ཡོ་ནན་གྱི་ཙུང་ལི་གཞོན་པ་ཝུའུ་ཏི་ཏན། པོ་ལན་ཁེ་ལས་དང་ལག་རྩལ་པུའུ་ཡི་རྒྱལ་སྲིད་དྲུང་ཡིག་ཨོ་ཆེ་ཕཱ་བཅས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། དེའི་རྗེས། ཧན་ཀྲིན་གྱིས་འགྲེམ་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།