ཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་ཟླ་ངོ་གསུམ་གྱི་རིང་ལ་གཟིགས་ཞིབ་སློབ་སྦྱོང་དང་བསྟན་འགྲོའི་བྱ་བ་མཛད་པ་་བདེ་བླག་ངང་མཇུག་བསྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་ཟླ་ངོ་གསུམ་གྱི་རིང་ལ་གཟིགས་ཞིབ་དང་སློབ་སྦྱོང་།ཆོས་ལུགས་ཀྱི་བྱ་འགུལ་བཅས་བདེ་བླག་ངང་མཇུག་བསྒྲིལ།

ལྷ་ས་དང་གཞིས་ཀ་རྩེ། ནག་ཆུ། མངའ་རིས་སོགས་ས་ཁུལ་དུ་པཎ་ཆེན་མཆོག་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཕྱོགས་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་གནང་ཞིང་། བོད་ལྗོངས་ཞིང་བྲན་ཁྲི་ཁྲག་གི་བཅིངས་འགྲོལ་དྲན་གསོ་ཁང་དུ་གཟིགས་ཞིབ་མཛད་ནས། ཁོང་གིས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་གྱི་ལོ་ངོ་དྲུག་བཅུའི་རིང་གི་འགྱུར་ལྡོག་དང་།ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བོད་ལྗོངས་སུ་གནད་འཁེལ་དབུལ་སྐྱོར་དང་དམངས་ཚིས་ལེགས་སྒྱུར་བྱས་ཏེ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཏུ་གྱུར་བའི་མྱོང་ཚོར་ཟབ་མོ་ཐུགས་ལ་འཁྲུངས།

པཎ་ཆེན་མཆོག་གིས་བཞེད་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོ་བའི་གདེང་འཇོག་དང་། བོད་བརྒྱུད་ནང་བསྟན་གྱི་སྐྱོན་བྲལ་ངང་གོང་འཕེལ་གཏོང་བར་ཐུགས་ཁུར་གནང་བ་ཡིན་པས།བདག་གིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་གནང་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་འཛུགས་སྐྲུན་དེ་ལེགས་ཚོགས་ཀུན་གྱི་འབྲས་བུ་རུ་སྨིན་པར་འབད་ཤིང་འབུངས་རྒྱུ་ཡིན་གསུངས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།