ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་རྩ་གནད་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་རྩ་གནད་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

རྩ་གནད་ལས་བསྟན་དོན། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་འཛུགས་པ་དང་ཁྱོན་ཡོངས་ལ་དམིགས་པ། མ་འོངས་པར་ཁ་ཕྱོགས་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་ཐོག་མར་ལག་བསྟར་བྱེད་པའི་ཁྱབ་ཁོངས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འདེགས་ཤུགས་གཙོ་བོ་ཡིན་པར་མ་ཟད། དུས་རབས་གསར་བར་འགྲིམ་འགྲུལ་བྱ་བ་བཟང་བོར་བསྒྲུབ་པའི་གནད་འགག་ཡིན་ཟེར།

རྩ་གནད་ལས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགྲིམ་འགྲུལ་འཛུགས་སྐྲུན་ལས་འགན་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཕེལ་རྒྱས་འཆར་འགོད་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། ཉིས་སྟོང་ཉེར་གཅིག་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་དུས་རིམ་གཉིས་སུ་བགར་ཏེ་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཕལ་ཆེར་ཡོངས་འགྲུབ་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་བར་དུ་མི་དམངས་ཡིད་ཚིམས་ཤིང་ནུས་ལྡན་འགན་སྲུང་བྱེད་པ་དང་འཛམ་གླིང་གི་མདུན་གྲས་སུ་ཚུད་པའི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།