ཝང་ཆི་ཧྲན་གྱིས་མར་ཏི་ཝེ་ཡི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ཞི་ཏི་ལ་མཇལ་འཕྲད་གནང་།

1125016155_15688894283451n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་མར་ཏི་ཝེ་ཡི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ཞི་ཏི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ལམ་ལུགས་མི་གཅིག་པ་དང་རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་འདོད་ཚུལ་བཅངས་པར་མ་ཟད་ལག་ལེན་བྱེད་ཀྱིན་ཡོད། ཀྲུང་གོ་དང་མར་ཏི་ཝེའི་བར་དུ་འབྲེལ་བ་བཙུགས་ནས་ལོ་ཞེ་བདུན་གྱི་རིང་ལ་ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་། ཉིས་སྟོང་བཅུ་བཞི་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཏི་ཝེ་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་མཛད་དེ་ཀྲུང་གོ་དང་མར་ཏི་ཝེ་བར་གྱི་ཁྱོན་ཡོངས་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཞི་གཅིག་ཅན་མཉམ་དུ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཧྲ་ཞི་ཏི་ཡིས་བཤད་རྒྱུར། ཀྲུང་གོ་ནི་མར་ཏི་ཝེ་ཡི་རླབས་ཆེན་ཁྱིམ་མཚེས་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ། ཡིད་རྟོན་བྱས་ཆོག་པའི་གྲོགས་པོ་བཅས་ཡིན་པས་མུ་མཐུད་དུ་ཀྲུང་གོ་དང་མཉམ་ལས་བཟང་བོ་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།