ན་ནིང་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1946ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཀྲུང་དབྱང་ཞིང་ལས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་དང་ཚན་པ་11གིས《ཁྱིམ་ཚང་ཞིང་ར་སྐྱེད་སྲིང་འཆར་གཞི་ལག་བསྟར་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་ལ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)མཉམ་འབྲེལ་ཐོག་བཀྲམ་པ་རེད། ཚེས18ཉིན། ཞིང་ལས་གྲོང་གསེབ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁྱིམ་ཚང་ཞིང་རའི་འཕེལ་རྒྱས་ལ་ཕན་འབྲས་རགས་ཙམ་ཐོབ་ཡོད། ཞིང་ལས་གྲོང་གསེབ་པུའི་སྲིད་ཇུས་དང་སྒྱུར་བཅོས་སིའི་སི་ཀྲང་ཀྲའོ་དབྱང་གིས། 2018ལོའི་ལོ་མཇུག་བར། ཞིང་ལས་གྲོང་གསེབ་སྡེ་ཚན་གྱི་ཁྱིམ་ཚང་ཞིང་རའི་མིང་གཞུང་ནང་བཅུག་པའི་ཞིང་དུད་ཁྲི་60ཟིན་ནས་2013ལོ་ལས་ལྡབ་4ལྷག་ཙམ་འཕར་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1946ཟིན་པ་དང་། ཁྱིམ་ཚང་ཞིང་ར་རེར་ཆ་སྙོམས་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

《མཛུབ་ཁྲིད་བསམ་འཆར》ནང་། ཁྱིམ་ཚང་ཞིང་ར་སྐྱེད་སྲིང་འཆར་གཞི་ལག་བསྟར་བྱེད་རིང་། རྩ་དོན་ལྔ་གཙོ་གནད་ཐོག་སྟངས་འཛིན་བྱེད་དགོས་པ་སྟེ། ཞིང་དུད་བྱེད་པོ་དང་། གཞི་ཁྱོན་འོས་འཚམ། ཁྲོམ་རའི་སྟོན་ཕྱོགས། ཡུལ་བབ་དང་བསྟུན་པ། དཔེ་སྟོན་སྣེ་ཁྲིད་བཅས་མཐའ་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད། ཁྱིམ་ཚང་ཞིང་རའི་གཉེར་སྐྱོང་གི་གཞི་ཁྱོན་ལ་དམིགས་ནས། ཀྲའོ་དབྱང་གིས་ཁྱིམ་ཚང་ཞིང་རར་ཁྲིད་སྟོན་བྱེད་པར་ཐོན་ལས་ཀྱི་ཁྱད་ཆོས་དང་རང་ངོས་ཀྱི་གཉེར་སྐྱོང་དོ་དམ་ནུས་པ་དང་། དེ་བཞིན་ས་གནས་དེའི་ཐོན་ཁུངས་གནས་ཚུལ་ལ་གཞིགས་ནས། གཞི་ཁྱོན་འཚམ་ཤོས་དང་ཕན་འབྲས་ཡག་ཤོས་ཐོན་པ་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།

མིག་སྔར། རང་རྒྱལ་གྱི་ཁྱིམ་ཚང་ཞིང་ར་འགོ་ཚུགས་མ་ཐག་པའི་དུས་མཚམས་སུ་གནས་པས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དཀའ་ངལ་དང་ཚོད་འཛིན་མང་པོ་འཕྲད་ཀྱི་ཡོད། དེར་བརྟེན། 《མཛུབ་ཁྲིད་བསམ་འཆར》ནང་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་པ་དང་། ཁྱིམ་ཚང་ཞིང་རའི་ས་ཞིང་གཉེར་སྐྱོང་དབང་ཆ་ཁྲིམས་བཞིན་འགན་ལེན་བྱེད་པ་དང་། རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ཚང་ཞིང་རར་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་དང་ཁྱིམ་ཚང་ཞིང་རའི་གཉེར་སྐྱོང་མཁན་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ། ས་ཞིང་སྤྱོད་པ་དང་། ནོར་སྲིད་ཁྲལ་བསྡུ། དངུལ་རྩ་འགན་ལེན། “དྲ་སྦྲེལ+”སྤྱི་ཚོགས་འགན་ལེན་སོགས་ཀྱི་ཐད་ཞིབ་ཕྲའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།