ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཀྱི་ཆོག་མཆན་དཔང་ཡིག་དོ་དམ་དཀར་ཆག་ལེགས་སྒྲིག་བྱས་ཏེ་དོན་དག་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཀྱི་ཆོག་མཆན་དཔང་ཡིག་དོ་དམ་དཀར་ཆག་ལེགས་སྒྲིག་བྱས་ཏེ་དོན་དག་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་འགྲེམ་སྤེལ་བྱས།

ཆོད་དོན་ནས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཁེ་ལས་ཀྱིས་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ་དང་། ཡིད་ཆེས་ལྟ་སྐུལ་དོ་དམ་དང་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན་ཞིང་སྤུས་ཚད་ཁུངས་འདེད་མ་ལག་དང་བྱ་དགའི་སྙན་སེང་ལམ་ལུགས་འཛུགས་པར་ཞིབ་འཇུག་བྱས་ཏེ། ངན་སེམས་བཅངས་ནས་ཁྲིམས་འགལ་བྱ་སྤྱོད་བཟོས་པར་ཆད་པ་དང་ཐག་གཅོད་ནན་མོ་བྱེད་དགོས། ཁེ་ལས་ཀྱིས་སྤུས་ཚད་བདེ་འཇགས་དོ་དམ་འགན་འཁྲི་དང་ལེན་བཟང་བོ་བྱས་ཏེ། ཐོན་རྫས་དེ་འབྲེལ་ཡོད་ཚད་གཞི་དང་རེ་བ་དང་མཐུན་པར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།