ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་སྒྲིག་གཞི་ཚང་བའི་གྲོང་ཚོར་ཐད་ཀར་སྦྲག་སྲིད་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་སྡེ་རེར་སྦྲག་སྲིད་ས་ཚིགས་ཡོད་པའི་དམིགས་འབེན་དེ་ལེགས་འགྲུབ་བྱུང་ཡོད། ཟླ་སྔོན་མར་གྲོང་ཚོ་ཚང་མར་སྦྲག་སྲིད་ཤར་གཏོང་ཐུབ་པའི་ལས་འགན་དེ་འཆར་གཞི་ལས་ལོ་གཅིག་གི་སྔ་སྣུར་སྒོས་ལེགས་གྲུབ་བྱུང་། ”ཞེས་ཚེས17ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུང་གོ་སྦྲག་སྲིད་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་སྦྲག་སྲིད་ཅུའུ་ཡི་ཅུའུ་ཀྲང་མཱ་ཅོན་ཧྲེང་གིས་བཤད།

མཱ་ཅོན་ཧྲེང་གིས་སྒྲིག་གཞི་ཚང་བའི་གྲོང་ཚོར་ཐད་ཀར་སྦྲག་སྲིད་ལམ་ཤར་གཏོང་ཐུབ་པ་དང་། ལྷག་པར་དུ་ཡུལ་མཐའ་འཁོབ་ས་ཁུལ་དུ་ཐད་ཀར་སྦྲག་སྲིད་ཤར་གཏོང་ཐུབ་པ་ནི་ཀུན་སྤྱོད་ཆབ་སྲིད་ཀྱི་ལས་གཞི་ཞིག་ཡིན། “ཤིན་ཅང་ཐ་ཧྲི་ཁོའུ་ཨར་ཀན་རང་སྐྱོང་རྫོང་དུ་སྲིད་འཛིན་གྲོང་ཚོ་ཞིག་ཡོད་པ་དང་། གྲོང་ཚོ་དེར་མཚོ་ངོས་ལས་མཐོ་ཚད་སྨི4000ཡོད་པའི་གངས་རི་བརྒལ་ནས་འགྲོ་དགོས་པས། གནའ་ནས་ད་ལྟའི་བར་དུ་སྦྲག་སྲིད་ཤར་གཏོང་བྱེད་ཐུབ་མེད། ད་ལོར་སྦྲག་སྲིད་ཤར་གཏོང་ཐུབ་རྗེས། སྦྲག་སྲིད་དངོས་པོ་དང་ཚགས་པར་དུས་བཅད་ལྟར་སྲིད་འཛིན་གྲོང་ཚོར་སྐྱེལ་གྱིན་ཡོད། གྲོང་ཚོའི་གྲངས་ཉུང་མི་རིགས་ཀྱི་སྤོ་བོ་ལགས་ལ་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་དབང་མེད་དུ་བཞུར། ”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།