ཀྲུང་གོ་བོད་ཀྱི་དྲ་བ།

རྒྱབ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ། མི་42ལ་རྒྱལ་ཁབ་རིམ་པའི་མཛད་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་བསྩལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱབ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་དེ། ཚེས་17ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཅུ་གསུམ་པས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་རྒྱལ་ཁབ་རིམ་པའི་མཛད་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་རྒྱུའི་སྐོར་གྱི་ཐག་གཅོད་གཞིར་བཟུང་ནས། མི་42ལ་རྒྱལ་ཁབ་རིམ་པའི་མཛད་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་བསྩལ།

ཀྲུའུ་ཞིའི་བཀའ་རྒྱ་གཞིར་བཟུང་སྟེ། ཡོའུ་མེའུ་དང་ཧྲིན་ཅེ་ལེན།(མོ།) སུང་ཅཱ་ཏུང་། ལི་ཡན་ཉན། ཀྲང་ཧྥུ་ཆིན། ཡོན་ལུང་ཕིན། ཧོང་ཞུའུ་ཧྭ། ཐུའུ་ཡིའུ་ཡིའུ་(མོ)བཅས་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་རྗེས་གཟེངས་རྟགས་བསྩལ། 

གློར་ཁཱ་སི་ཐུ་ལོ་ལོའུ་སི་དང་(ཁུ་པ)མཱ་ཧ་ཀྲ་ཁུ་ལི་ཧྲི་ལིན་ཐོང་། (མོ། ཐེ་ལན།) སཱ་ལེ་མུ་ཨད་ཧ་མད་རྡུ་སཱ་ལེ་མུ།(ཐན་ཙན་ནི་ཡ།) ཅཱ་ལིན་ནཱ་ཝེ་ཉུ་ཨ་མུ་ནོ་ཧྥུ་ནཱ་ཁོ་ལེ་ཁུ་ཝ།(མོ། ཨུ་རུ་སུ།) རཱང་ཕེ་ཨར་ལཱ་ཧྥ་ལན།(ཧྥ་རན་སི།) ཡེ་ཧྲ་པེ་ཁི་ལོའུ་ཁུ་(མོ། ཁ་ན་ཏ།)བཅས་ལ་མཛའ་བརྩེའི་གཟེངས་རྟགས་བསྩལ། 

ཡུ་ཕེ་ཅན་དང་ཝུའུ་བུན་ཅོན། ནན་རིན་ཏུང་།(མན་ཇུ་རིགས།) ཀོ་ཧྥང་ཀྲོའུ། ཁྲིན་ཁད་ཅཱ་བཅས་ལ་མི་དམངས་ཀྱི་ཚན་རིག་པ་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ་བ་དང་། ཡུའུ་ཡུས་(མོ)དང་ཝེ་ཞིན་ཧྭ། ཀོ་མུང་ཞོན་བཅས་ལ་མི་དམངས་ཀྱི་སློབ་གསོ་བ་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། ཝང་མུན་དང་ཆིན་ཡུས།(མོ།) ཀོ་ལེན་ཡུན་(མོ)བཅས་ལ་མི་དམངས་ཀྱི་སྒྱུ་རྩལ་པ་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། ཨད་རུ་ཐེ་མཱ་མོའུ་ཐེ་(ཡུ་གུར་རིགས)དང་ཧྲིན་ལང་ལང་། མད་ཞན་ཏི། ཀྲང་ཁྲའོ་བཅས་ལ་མི་དམངས་ཀྱི་དཔའ་བོ་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། ཝང་བུན་ཅོད་དང་ཝང་ཡོའུ་ཏི།(ཧུའེ་རིགས།) ཝང་ཆི་མུན། ཝང་ཅུས་ཚའེ། པོ་རཱོ་མཱ་ཧན་མཱོ་ལི་ཏོ།(མོ། ཁོར་ཁེ་ཙི་རིགས།)ཀྲུའུ་ཡན་ཧྥུའུ། ལིས་པའོ་ཀའོ། ཏུའུ་ཀོས་མ(མོ། སོག་རིགས།) ཀོ་ཏི་རཱོང་(ཏུའུ་ལུང་རིགས)བཅས་ལ་མི་དམངས་ཀྱི་དཔེ་བཟང་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། རག་སྡིས་(བོད་རིགས)ལ་མི་རིགས་མཐུན་སྒྲིལ་ཐད་མཛད་རྗེས་ཕུལ་བྱུང་འཇོག་མཁན་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། ཏུང་ཅན་ཧྭ་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཐད་མཛད་རྗེས་ཕུལ་བྱུང་འཇོག་མཁན་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། ལི་ཏའོ་ཡུས་ལ་ཕྱི་འབྲེལ་བྱ་བར་མཛད་རྗེས་ཕུལ་བྱུང་འཇོག་མཁན་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། ཧྥན་ཅིན་ཧྲི་ལ་རིག་རྫས་སྲུང་སྐྱོབ་ཐད་མཛད་རྗེས་ཕུལ་བྱུང་འཇོག་མཁན་ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བསྩལ། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།