ལི་ཀྲན་ཧྲུའུ་ཡིས་ཨ་སེ་པེ་ཅང་དང་ཧཱ་ས་ཁི་སི་ཐན། ཨུ་རི་སི་རྒྱལ་ཁབ་བཅས་ལ་དངོས་གཞིའི་འཛའ་མཐུན་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད། ཧཱ་ས་ཁི་སི་ཐན་ནས་བསྡུ་རྒྱུ་ཡིན་པའི་སྐབས་བཞི་བའི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་གྲོས་ཞུགས་དཔོན་པོའི་གྲོས་ཚོགས་དང་ཨུ་རི་སི་ནས་བསྡུ་

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པེ་ཅང་རྒྱལ་དམངས་གྲོས་ཁང་གི་ཀྲུའུ་ཞི་ཨ་ས་ཏའོ་ཧྥུའུ་དང་ཧཱ་ས་ཁི་སི་ཐན་གྲོས་ཁང་གོང་མའི་གྲོས་དཔོན་ནཱ་ཀྲ་ཨར་པེ་ཡེ་ཝ། གྲོས་ཁང་ཞོལ་མའི་གྲོས་དཔོན་ཉི་ཀི་མཱ་ཐུའུ་ལེན། ཨུ་རི་སི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལའོ་ཅིན་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཨ་སེ་པེ་ཅང་དང་ཧཱ་ས་ཁི་སི་ཐན། ཨུ་རི་སི་རྒྱལ་ཁབ་བཅས་ལ་དངོས་གཞིའི་འཛའ་མཐུན་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད། ཧཱ་ས་ཁི་སི་ཐན་ནས་བསྡུ་རྒྱུ་ཡིན་པའི་སྐབས་བཞི་བའི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་གྲོས་ཞུགས་དཔོན་པོའི་གྲོས་ཚོགས་དང་ཨུ་རི་སི་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨུ་རི་སིའི་གྲོས་ཞུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་རྒྱུ་རེད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།