ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ70ཡི་རིང་ཀྲུང་གོའི་འཇིག་རྟེན་འཕུར་གྲུ་འཕེན་གཏོང་བྱེད་ཐེངས་ཀླད་ཀོར་ནས300+བར་འཕར་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2019ལོའི་ཟླ3ཚེས10ཉིན་རི་ཁྲོད་ནས་མེ་ལྡུམ་འབར་བའི་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས་པའི་ལྡིར་སྒྲ་ཆེན་པོ་ཞིག་ལེའང་ཧྲན་ས་གཞི་ཡོངས་སུ་གྲགས་པ་དང་། རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་ཁ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས“ཀྲུང་སྐར་6C”རྟགས་ཅན་སྲུང་སྐར་བཏེགས་ནས་མཁའ་དབྱིངས་སུ་འཕེན་གཏོང་ལེགས་གྲུབ་བྱུང་བ་རེད། དེ་ནི་ཀྲུང་གོའི་རྒྱང་སྐྱོད་རིམ་གྲས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཐེངས་300བར་སླེབས་པ་ཞིག་རེད།

“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་བྱས་རྗེས་འཇོག་མཁན་ཚན་རིག་མཁས་ཅན་ཡོན་ཧྲི་སུན་ཅ་ཏུང་ནི་དེ་དག་ཚང་མ་བརྒྱུད་མྱོང་མཁན་ཞིག་རེད། ཁོང་གིས་ཀྲུང་གོའི་འཇིག་རྟེན་འཕུར་གྲུའི་སྙིང་སྟོབས་ལས་ཀྲུང་གོའི་སྐར་མ་དང་པོ་གསར་གཏོད་བྱས་པ་ཡིན་ལ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་ལས་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་ཞིག་ཡིན་ཞེས་བཤད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། “ཤར་ཕྱོགས་དམར་པོ”འཛམ་གླིང་དུ་ཡོངས་གྲགས་ངང་ཐོན་པ་ནས“མོའོ་ཙེ་རྟགས་ཅན”མཁའ་དབྱིངས་སུ་འཕེན་གཏོང་བྱས་པའི་བར་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”རྔམ་བརྗིད་ལྡན་པའི་ངང་འཛམ་གླིང་དུ་ཐོན་པ་ནས་བྱང་སྐར་སྤུན་བདུན་མ་ལག་གིས་གོ་ལ་ཧྲིལ་པོར་ཞབས་འདེགས་ཞུས་པ་དང“ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན”གྱིས་འཛམ་གླིང་ཐོག་གི་ཟླ་བའི་རྒྱབ་གཟུགས་རིས་དང་པོ་དེ་བསྐུར་བའི་བར་ལ་སོགས། ཀྲུང་གོ་གསར་པའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ནི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འབད་འབུངས་ལྷོད་མེད་བྱས་པའི་ལོ་རྒྱུས་ཤིག་རེད།

རྒྱང་སྐྱོད་རིམ་གྲས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ“ཐེངས་བརྒྱ་འཕེན་གཏོང”དང་པོར་ལོ་37འགོར་བ་དང་། “བརྒྱ་འཕེན”གཉིས་པར་ལོ་8མ་ཟིན་ཙམ་འགོར་བ། “བརྒྱ་འཕེན”གསུམ་པར་ལོ4ཙམ་ལས་འགོར་མེད། མ་འོངས་པར་རང་རྒྱལ་གྱིས་ད་དུང་སྐར་མ་མིག་དམར་འཚོལ་ཞིབ་དང་། ཟླ་བའི་གོ་ལ་ནས་མ་དཔེ་བླངས་ནས་ཕྱིར་ལོག བར་སྣང་ས་ཚིགས་འཛུགས་སྐྲུན་ལེགས་གྲུབ་སོགས་ལོ་རྒྱུས་ཀྱི་ལས་འགན་གསར་པ་སྒྲུབ་འགོ་འཛུགས་རྒྱུ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལུང་ལེ་ཧའོ་ཡིས། “དཀའ་ཚེགས་དང་ཉེན་ཁའི་ཁྲོད་ནས་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱེད། ཕུགས་བསམ་རེ་རེ་ལས་འོད་སྟོང་འབར་བར་གྲུབ་འབྲས་ཐོབ”ཅེས་མྱོང་བ་ཟབ་མོས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།