ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ལིས་སི.ཡུའེ་ཧྭན་ཞུན་གྱིས་ཉེ་ལམ་ཀྲུང་གོའི་དབྱིན་ཇི་རུ་སྡོད་པའི་གཞུང་ཚབ་ཁང་ནས་བསྡུས་པའི་རྒྱལ་སྟོན་སྣེ་ལེན་གྲོས་ཚོགས་སྟེང་ཤིས་ཚིག་བསྐུར། ཁོས་ཤིས་ཚིག་ནང་བཤད་རྒྱུར། ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་ཡིན། མིག་སྔར་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བ་རྒྱ་ཆེ་བ་དང་གཏིང་ཟབ་སྒོས་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན། ངས་དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་ཐད་རེ་བ་ཆེན་པོ་བཅངས་ཡོད་ཟེར། 

དབྱིན་ཇིའི་ཁེ་ལས་ལས་རིགས་ཀྱི་མི་སྣས་ཀྱང་ཀྲུང་གོ་གསར་བས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་བསྔགས་བརྗོད་མཐོན་པོ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།