ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ་ཀུའུ་ཧྲིན་ཙོ་མུའུ་ཅཱ་པེ་ལ་མྱ་ངན་ཞུ་བའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲིན་ཙོ་ཧ་ལ་ལོས་ནས་བསྡུས་པའི་ཙམ་པབ་ཝེ་ཡི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཅཱ་པེ་ལ་མྱ་ངན་ཞུ་བའི་མཛད་སྒོར་ཞུགས། ཀུའུ་ཧྲིན་ཙོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཚབ་བྱས་པར་མ་ཟད་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་མིང་ཐོག་ནས་སྐུ་ཞབས་མུའུ་ཅཱ་པེ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅ་ཀུའུ་བཱ་དང་ཙམ་པབ་ཝེ་མི་དམངས། དེ་མིན་སྐུ་ཞབས་མུའུ་ཅཱ་པེ་ཡི་གཉེན་ཉེ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཙམ་པབ་ཝེ་ལ་འཚམས་འདྲི་བྱེད་པའི་སྐབས་སུ། ཀུའུ་ཧྲིན་ཙོ་ཡིས་མུའུ་ནན་ཅ་ཀུའུ་བཱ་ལ་ཐུག་འཕྲད་བྱས། ཀུའུ་ཧྲིན་ཙོ་ཡིས་བཤད་རྒྱུར། སྐུ་ཞབས་མུའུ་ཅཱ་པེ་ནི་ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་མི་རིགས་བཅིངས་འགྲོལ་འགུལ་སྐྱོད་ཀྱི་འགོ་ཁྲིད་པ་ཡིན་ལ། ཀྲུང་གོ་དང་ཙམ་པབ་ཝེ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་གྲོགས་པོ་རྒན་པ་དང་གྲོགས་པོ་བཟང་བོ་འདི་ནམ་ཡང་བརྗེད་མི་སྲིད། ང་ཚོས་ཙམ་པབ་ཝེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཙམ་པབ་ཝེའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་ནན་ཅ་ཀུའུ་བཱ་ཡིས་ཀུའུ་ཧྲིན་ཙོ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་དང་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ་སྐུ་ཞབས་མུའུ་ཅཱ་པེ་ལ་མྱ་ངན་ཞུ་བའི་མཛད་སྒོར་ཞུགས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་པར་བྱས་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་མུ་མཐུད་དུ་ཙམ་པབ་ཝེ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།