ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་དག་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་དག་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མཐུད་སྒོས་དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། དབང་གཏོང་དོ་དམ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། དབང་ཆ་དང་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ་དང་འདྲ་མཉམ་དང་དྲག་གཞག མངོན་གསལ། ཕན་འབྲས་མཐོ་བའི་དོན་དག་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་མ་ལག་མྱུར་དུ་གསར་སྐྲུན་བྱས་ནས། ཚོང་ར་རང་གཅུན་དང་སྲིད་གཞུང་གིས་ལྟ་སྐུལ་དོ་དམ། སྤྱི་ཚོགས་ཀྱིས་ལྟ་སྐུལ་དོ་དམ་བྱེད་པའི་རོགས་ལས་ལྟ་སྐུལ་དོ་དམ་གྱི་རྣམ་པ་ཆགས་པར་བྱེད་པ་དང་། ཚོང་རའི་གཙོ་གཞིའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་འགྲོ་བ་དང་ཚོང་རའི་ཕན་འབྲས་ཇེ་མཐོར་འགྲོ་བར་ཤུགས་སྣོན་དགོས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།