ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིན་ཞང་ཧྲན་གསར་བརྗེ་དྲན་གསོའི་ས་ཁུལ་དུ་གཟིགས་ཞིབ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་དུ་ཀྲུང་གུང་ཀྲུང་དབྱང་པེ་ཅིན་ཞང་ཧྲན་གསར་བརྗེ་དྲན་གསོའི་ས་ཁུལ་དུ་ཕེབས་ཏེ། ཞང་ཧྲན་གསར་བརྗེ་དྲན་གསོ་ཁང་ལ་གཟིགས་ཞིབ་གནང་བ་དང་། ཀྲུང་གོ་གསར་བའི་ཆེད་དུ་རྨང་གཞི་བཏིང་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམ་སྟོན་ལ་གཟིགས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་དེ་རྒྱལ་ཡོངས་ལ་རྒྱལ་ཁ་ཐོབ་པ་དང་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་གྲ་སྒྲིག་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་སོགས་རྒན་རབས་གསར་བརྗེ་མཁན་གྱིས་བཞག་པའི་རླབས་ཆེན་བྱས་རྗེས་ལ་རྗེས་དྲན་ཞུས། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་།  དཀའ་སྤྱད་བརྩོན་ལེན་དང་གསར་གཏོད་གསར་སྐྲུན་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་མདུན་སྐྱོད་བྱེད་དགོས་པར་མ་ཟད་ཆོད་སེམས་བརྟན་པོ་བཅངས་ཏེ་མུ་མཐུད་དུ་ཀྲུང་གོ་གསར་བ་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།