ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་གོར་སྡོད་པའི་ཙམ་པབ་ཝེ་ཡི་གཞུང་ཚབ་ཁང་དུ་ཕེབས་ནས་མུའུ་ཅཱ་པེ་སྐུ་གཤེགས་པར་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཀྲུང་གོར་སྡོད་པའི་ཙམ་པབ་ཝེ་ཡི་གཞུང་ཚབ་ཁང་དུ་ཕེབས་ནས། ཙམ་པབ་ཝེ་ཡི་སྔོན་ཆད་ཀྱི་ཙུང་ཐུང་ལོ་པའོ་ཐི.མུའུ་ཅཱ་པེ་སྐུ་གཤེགས་པར་མྱ་ངན་ཞུས།

ཝང་ཆི་ཧྲན་མུའུ་ཅཱ་པེའི་འདྲ་པར་གྱི་མདུན་དུ་འགྲེང་ནས་མྱ་ངན་ཞུས་པ་མ་ཟད། མྱ་ངན་ཟིན་ཐོའི་སྟེང་མྱ་ངན་ཞུ་ཚིག་བྲིས་ཏེ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་མུའུ་ཅཱ་པེ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས། མུའུ་ཅཱ་པེ་ཡི་ཁྱིམ་མི་ལ་འཚམས་འདྲི་ཞུས། ཝང་ཆི་ཧྲན་གྱིས་བསྟན་དོན། མུའུ་ཅཱ་པེ་ནི་ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་མི་རིགས་བཅིངས་འགྲིལ་འགུལ་སྐྱོད་ཀྱི་འགོ་ཁྲིད་མི་སྣ་ཡིན་ལ། ཀྲུང་གོ་དང་ཙམ་པབ་ཝེ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བླ་མེད་བཞག ཀྲུང་གོས་ཀྲུང་གོ་དང་ཙམ་པབ་ཝེའི་སྲོལ་རྒྱུན་མཛའ་བརྩེ་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་པ་དང་། ཙམ་པབ་ཝེ་ཡི་སྲིད་གཞུང་དང་མི་དམངས་དང་མཉམ་དུ། ཀྲུང་གོ་དང་ཙམ་པབ་ཝེའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་འགོ་ཁྲིད་འོག ཙམ་པབ་ཝེའི་མི་དམངས་ཀྱིས་ངེས་པར་དུ་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་ནས། རྒྱལ་ཁབ་གཏན་འཇགས་དང་འཛུགས་སྐྲུན་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།