ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་མ་ལེ་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ནས་མ་ལེ་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་སའེ་ཧྥུའུ་ཏིང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅུ་གཉིས་ཉིན་ཀྲུང་ནན་ཧའེ་ནས་མ་ལེ་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་སའེ་ཧྥུའུ་ཏིང་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་བརྩེའི་འགྲོ་འོང་ལོ་ངོ་སྟོང་ཕྲག་ལྷག་འགོར་ཡོད་ལ། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ངང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན། མི་རིགས་གང་ཡིན་རུང་སྟོབས་ལྡན་མངོན་འགྱུར་བྱེད་ན་དཀའ་སྡུག་ཡུན་རིང་གི་གོ་རིམ་བརྒྱུད་དགོས་ལ། འོས་འཚམ་གྱི་རིན་དོད་གཏོང་དགོས། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་མ་ཟད་ཕྱུག་པོར་གྱུར་ལ། དོན་དངོས་ཐོག་ནས་སྟོབས་ལྡན་དུ་བསྒྱུར་དགོས་ན། སྔར་བཞིན་དུ་དུས་ཡུན་རིང་བོར་གོང་འོག་ཡོངས་ཀྱིས་འཚོལ་ཞིབ་བྱེད་པ་དང་འབད་འཐབ་ལྷོད་མེད་བྱེད་དགོས། ཡུན་རིང་ལ་དམིགས་ནས། ལོ་རྒྱུས་ཀྱི་རིག་གནས་དང་མཚན་ཉིད་རིག་པའི་ཐད་ཀྱི་བསམ་གཞིགས་བརྒྱུད་དེ། མིག་སྔའི་འཛམ་གླིང་གི་གཏན་ཁེལ་ཁྲོད་ཀྱི་གཏན་ཁེལ་མིན་པའི་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། གདམ་གསེས་བཟང་བོ་བྱས་ཏེ། གོ་སྐབས་དམ་འཛིན་དང་འགྲན་རྩོད་ཁྱད་སེལ་བྱེད་དགོས་ཟེར།

སའེ་ཧྥུའུ་ཏིང་གིས་བསྟན་དོན། མ་ལེ་ཞི་ཡ་དང་ཀྲུང་གོའི་མཛའ་བརྩེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞི་ཡིན་ལ། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མཐའ་གཅིག་ཏུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པ་མ་ཟད་དེའི་ཁྲོད་ཞུགས་རྒྱུ་ཡིན། མ་ལེ་ཞི་ཡས་ཉོ་ཚོང་ཐད་ཀྱི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང་། མུ་མཐུད་དུ་མ་ལེ་ཞི་ཡ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་པ་མ་ཟད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།