ཝང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

1124988194_15682114544331n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། 

འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་རྒྱ་ཆེའི་ཆབ་སྲིད་མནའ་འབྲེལ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། འདས་སོང་བའི་ལོ་ཟླ་དང་ད་ལྟའི་ཏང་གི་ལས་དོན་ཐད་ནས་རྒྱལ་ཁ་གལ་ཆེན་ལེན་པའི་ཐབས་མཆོག་ཡིན་ལ། རྗེས་ཕྱོགས་ཀྱི་ཐབས་མཆོག་དེ་ལས་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མིའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་གི་ལག་ལེན་ལས། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་གཞུང་ལུགས་བྱེད་ཕྱོགས་སྲིད་ཇུས་ནི་ཧ་ཅང་ཡང་དག་པ་དང་། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱབ་རྟེན་དང་བློ་གཏད་ཆོག་པའི་མནའ་མཐུན་པ་ཡིན་པ་ར་སྤྲོད་བྱེད་ཐུབ་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཐུན་མོང་གི་ལྟ་བ་དང་མི་སེམས། རིག་སྟོབས། སྟོབས་ཤུགས་བཅས་གཅིག་ཏུ་བསྒྲིལ་བའི་བྱ་བ་སྔར་ལས་ལྕི། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་དང་བསམ་བློ། གཞུང་ལུགས། བརྩེ་སེམས་ཐད་ཀྱི་ཁས་ལེན་ཇེ་དྲག་ཏུ་བཏང་སྟེ། ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་གྱི་སྒུལ་ཐབས་མེད་པའི་བསམ་བློའི་རྨང་རྡོ་རུ་བརྩིས་ནས། བགྲོད་ལམ་དང་ལམ་ལུགས། ལངས་ཕྱོགས། ཁ་ཕྱོགས་སོགས་རྩ་བའི་གནད་དོན་སྟེང་ནས་བསམ་བློའི་གོམ་འགྲོས་གཅིག་གྱུར་བྱེད་དགོས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་དང་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་དཀའ་གནད། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་བཅས་ལ་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། གཅིག་མཚུངས་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བར་ཐག་གཅོད་ཡང་དག་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་གྱི་ཚད་རྒྱ་སྐྱེད་དགོས་ཟེར།

ཡོའུ་ཆོན་གྱིས་ཚོགས་འདུར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།